ཡོངས་འཛིན་འཚོལ་བཤེར་མ་ལག་གི་མཚོན་རྟགས་བདམས་པའི་བརྡ་ཁྱབ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-28 11:28:00 ཀློག་གྲངས།:
  མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས2013ལོའི་ཟླ12པའི་ཚེས1ཉིན་མཚོ་སྔོན་པོ་དྲ་བའི་སྟེང་ཡོངས་འཛིན་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར་སྤེལ་ཞིང་། 2014ལོའི་ཟླ6པའི་ཚེས30ཉིན་བར་དུ་ཁྱོན་བསྡོམས་རྩོམ་པ་པོ24ཡི་བརྩམས་ཆོས103བསྡུས་པ་རེད། བརྡ་སྦྱོར་ཁྲོད་བཏོན་པའི་བླང་བྱ་ལྟར་འབྲེལ་ཡོད་འགོ་ཁྲིད་དང་ཆེད་ལས་མི་སྣ་རྣམས་ཀྱིས་དཔྱད་བསྡུར་ནན་མོ་བྱས་པར་བརྒྱུད། མཚོན་རྟགས་ལེགས་ཤོས་གཅིག་བདམས་ཐོན་བྱུང་ལ། ཡོངས་འཛིན་འཚོལ་བཤེར་མ་ལག་སྤྱོད་མགོ་བརྩམ་རྗེས་མཚོན་རྟགས་དེ་དངོས་སུ་བཀོལ་སྤྱོད་བྱ་རྒྱུ་རེད། གཤམ་དུ་བདམས་ཐོན་བྱུང་བའི་བརྩམས་ཆོས་དང་རྩོམ་པ་པོའི་མིང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཏེ།
  གཅིག ཡོངས་འཛིན་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད།
  云藏搜索引擎logo设计方案征集评选结果公告
  གཉིས། གསར་རྩོམ་གསལ་བཤད།
  མཚོན་རྟགས་ཇུས་འགོད་ཀྱི་དགོངས་དོན་ཐད་ཡི་གེ་ལས་རི་མོ་གྲུབ་པ་དང་ཁ་དོག་མངོན་པར་བཏོད་ཐོག ཡེ་ཤེས་ཀྱི་སྤྱན་གྱིས་ཆ་འཕྲིན་གྱི་ཀློང་ཡངས་པོ་མཐོང་ཐུབ་པའི་དོན་མཚོན་ཡོད།
  མཚོན་རྟགས་ཀྱི་གཟུགས་ནི་དབུ་ཁྱུད་ལས་ཡེ་ཤེས་ཀྱི་སྤྱན་གྲུབ་ཅིང་། སྤྲིན་ཕུང་ལས་མིག་འབྲས་གྲུབ་པ་ནི་རྒྱའི་སྐད་དུ“云藏”ཞེས་པ་དེའི་མཚོན་དོན་ཡིན།
  མཚོན་རྟགས་ཀྱི་ཁ་དོག་ནི་བོད་མི་རིགས་ཀྱི་མཛེས་དཔྱོད་ལས་རྩ་བའི་ཁ་དོག་བཞི་སྟེ་དཀར་སེར་དམར་ལྗང་ལས་གྲུབ་ཅིང་། དེ་ལས་ཁ་དོག་དཀར་པོ་ནི་སྔོན་པོས་ཚབ་བྱས་པ་དང་། གཞན་གསུམ་པོ་རང་སོར་བཞག་པའོ།།
  གསུམ། རྩོམ་པ་པོ།
  རྡོ་ལྷ་དང་ཀྲུའུ་ཧྲིན་དབྱིན།

  ཡོངས་འཛིན་འཚོལ་བཤེར་མ་ལག་གི་མཚོན་རྟགས་བརྩམས་ཆོས་བསྐུར་མཁན་རྣམས་ཀྱིས་དཔྱད་འདེམ་མཇུག་འབྲས་ལ་བསམ་འཆར་ཡོད་ན་ཁྱབ་བསྒྲགས་བྱས་པའི་ཉིན་ནས་ཉིན་བདུན་ནང་ཡིག་ཐོག་ནས་མཚོ་སྔོན་པོ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་དོགས་པ་དྲི་ཆོག(གློག་རྡུལ་ཡིག་སྒམamdotibet@126.com)  ཉིན་བདུན་འགོར་རྗེས་དོགས་པ་ཅི་ཞིག་བཏོན་ཡང་དང་ལེན་མི་བྱེད།

  མཇུག་མཐར་ཡོངས་འཛིན་འཚོལ་བཤེར་མ་ལག་གི་མཚོན་རྟགས་བརྩམས་ཆོས་བསྡུ་བའི་བྱ་འགུལ་ཁྲོད་ཞུགས་པའི་གྲོགས་པོ་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།


            མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།
              2014ལོའི་ཟླ8པའི་ཚེས28ཉིན།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།