སྐབས་བཅུ་གཉིས་པའི་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཞིས་རྩེ་གྲོང་ཁྱེར་དུ་བསྡུས།
སྐབས་བཅུ་གཉིས་པའི་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཞིས་རྩེ་གྲོང་ཁྱེར་དུ་བསྡུས།
སྤྱི་ཟླ8པའི་ཚེས26ཉིན། སྐབས་བཅུ་གཉིས་པའི་གཙང་གིི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་བོད་ཀྱི་གྲོང་ཁྱེར་གཉིས་པར་གྲགས་པའི་གཞིས་རྩེ་གྲོང་ཁྱེར་དུ་དངོས་སུ་གཉེར་བ་རེད།
ཐེངས་འདིའི་ཇོ་མོ་གླང་མའི་རིག་གནས་དུས་ཆེན་དེ་རྣམ་ཀུན་དང་མི་འདྲ་བར་སྔར་ཡོད་པའི་རིག་གནས་རྨང་གཞིའི་ཐོག་འདི་ལོ་གཞིས་རྩེའི་རྟེན་འབྲེལ་ཆེན་པོ་གསུམ་གཙོ་བོ་དང་དེ་བཞིན་ལྷོ་ཁའི་དམངས་སྲོལ་རིག་གནས་སྒྱུ་རྩལ་ཚོགས་པ་གདན་ཞུ་བྱས་ཏེ་གཟབ་རྒྱས་ངང་སྤེལ་ཡོད།
སྐབས་བཅུ་གཉིས་པའི་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཞིས་རྩེ་གྲོང་ཁྱེར་དུ་བསྡུས།
འདི་ལོའི་གཞིས་རྩེའི་རྟེན་འབྲེལ་ཆེན་པོ་གསུམ་ནི་ལྷ་ས་ནས་གཞིས་རྩེའི་བར་གྱི་མེ་འཁོར་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། སྔོན་གྱི་གཞིས་རྩེ་ས་ཁུལ་ནས་གཞིེས་རྩེ་གྲོང་ཁྱེར་དུ་སྒྱུར་བ། རྒྱལ་རྩེའི་དབྱིན་འགོག་དམགའཁྲུག་ལོ110འཁོར་བའི་དྲན་གསོའི་རྟེན་བརྟེན་འབྲེལ་དང་དེ་བཞིན་ག་སྦྱར་བོད་བསྐྱོར་བྱས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་བཅས་གཙོར་བཟུང་ནས་ཇོ་རིའི་རིག་གནས་དུས་ཆེན་དེ་གསོན་ཉམས་དོད་པ། རྔམ་བརྗིད་ལྡན་པ། འཁྲུག་ཆ་དོད་པའི་ངང་སྤེལ་ཏེ་གཞིས་རྩེའི་རྣམ་པ་གསར་པ་དེ་བརྒྱུད་བསྒྲགས་བྱས་ཡོད།
སྐབས་བཅུ་གཉིས་པའི་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཞིས་རྩེ་གྲོང་ཁྱེར་དུ་སྤེལ།
ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་འདིས་གཅིག་ནས་གཙང་ཁུལ་གྱི་དམངས་སྲོལ་རིག་གནས་བརྒྱུད་བསྒྲགས་དང་དར་སྤེལ། གཉིས་ནས་ཇོ་རིའི་སྙན་གྲགས་ལས་གཞིས་རྩེའི་ཡུལ་སྐོར་རིག་གནས་བྱ་བཞག་འཕེལ་རྒྱས་སུ་གཏོང་བ། གསུམ་ནས་ཏང་གི་ལྷུག་སྟོང་སྲིད་ཇུས་དྲིན་ལས་གཞིས་རྩེའི་འཕེལ་རྒྱས་གསར་པ། རྣམ་པ་གསར་པ། འཚོ་བ་གསར་པ། འགྱུར་ལྡོག་གསར་པ་བཅས་གསོན་ཉམས་དོད་པའི་ངང་མངོན་པར་བྱེད་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com