མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་ཆེན་མོ་སྐབས་བཅུ་བ་མཇུག་སྒྲིལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-02 10:45:00 ཀློག་གྲངས།:
     ཉེ་ཆར། དུས་ཡུན་ཉིན་ལྔའི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བའི་བོད་རིགས་ལ་གཞས་འགྲན་བསྡུར་ཆེན་མོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བདེ་སྐྱིད་ཐང་ནས་བདེ་བླག་ངང་མཇུག་སྒྲིལ་ཞིང་། དམངས་ཁྲོད་གླུ་བ་གླུ་མ47ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པ་དང་། འགྲན་ཞུགས་པ39ལ་སྣ་སོ་སོའི་བྱ་དགའ་ཐོབ།
     ཐེངས་འདིའི་འགྲན་བསྡུར་དུ་མཚོ་བྱང་དང་། མཚོ་ནུབ། རྨ་ལྷོ། མཚོ་ལྷོ་བཅས་ཀྱི་མིང་དུ་གྲགས་པའི་ས་གནས་གླུ་བ་གླུ་མ་གང་མང་ཞུགས་ཡོད་ཅིང་། གཙོ་ཆེར་དམངས་ཁྲོད་ལ་གཞས་དང་། ལེན་སྟངས་སོགས་ཀྱི་ཐད་ནས་མི་རིགས་རང་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་འགྲན་ཞུགས་པ་རྡོ་རེ་ལ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།