རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་བཙུགས་པ།
ཉེ་ལམ། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་ཤིང་། འདིས་ཕྱོགས་ཡོངས་ནས་གནའ་བོའི་བོད་ཀྱི་རིག་གནས་ཀྱི་ཆེས་མཐོའི་གྲུབ་འབྲས་མཚོན་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར》དང་དེའི་མཐའ་འཁོར་རིག་གནས་ཐད་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པ་དང་། འདི་ནི་མཚོ་སྔོན་དུ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་བཙུགས་རྗེས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གཉིས་པ་ཡིན།
མགོ་ལོག་ཁུལ་དྲིལ་སྒྲོག་པུའི་འགོ་གཙོ་གཞོན་པའམ་ཁུལ་རིག་གནས་ལུས་རྩལ་ཅུའི་འགོ་གཙོ་རྡོ་རྗེས་རྒྱ་མཚོས་བསྟན་དོན། ཐེངས་འདིར་བཙུགས་པའི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ནི་མགོ་ལོག་ཁུལ་དཀྱིལ་སྙིང་དུ་བཟུང་སྟེ་མཐའ་འཁོར་ས་ཁུལ་ལ་ཁྱབ་སྤེལ་བྱེད་ཅིང་། སྲུང་སྐྱོབ་བྱེད་ཡུལ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་། དམངས་ཁྲོད་ཀྱི་དད་མོས་སོགས་རིག་གནས་ཤུལ་བཞག ཚོད་ལྟའི་ཁུལ་ཁྱབ་ཁོངས་ཀྱི་རང་བྱུང་ཁོར་ཡུག་དང་། ལོ་རྒྱུས་ཤུལ་བཞག དེའི་མཚུངས་སུ། གེ་སར་རིག་གནས་ཀྱི་རྒྱུན་འཛིན་པ། རྒྱུན་འཛིན་ཚོགས་ཁག་བཅས་འདུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com