གུ་གེའི་རིག་གནས་བཤམས་སྟོན་ཁང་སང་ལོའི་ཟླ8པར་ལེགས་འགྲུབ་འབྱུང་ངེས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-04 09:34:00 ཀློག་གྲངས།:
     བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྩ་མདའ་རྫོང་གིས་གུ་གེའི་རིག་གནས་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། བསྡོམས་པས་མ་དངུལ་སྒོར་ཁྲི1270བཏང་བ་དང་། སའི་རྒྱ་ཁྱོན་ལ་སྨི་གྲུ་ཞི་མ2300ཡོད། སྔོན་དཔག་བྱས་པ་ལྟར་ན། 2015ལོའི་སྤྱི་ཟླ8པར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་ངེས་པ་རེད།
     རྩ་མདའ་རྫོང་རིག་དངོས་ཅུའི་འགོ་གཙོ་བློ་བཟང་གིས་བསྟན་དོན། རྩ་མདའ་རྫོང་གིས་བསྡོམས་རྩིས་བྱས་པའི་རིག་དངོས4000ལྷག་ཡོད་པ་དང་། དེ་ལས་མང་ཆེ་བ་དམངས་ཁྲོད་དང་དགོན་སྡེ་ཁག་ཏུ་ལུས་ཡོད། གུ་གེའི་རིག་གནས་བཤམས་སྟོན་ཁང་བསྐྲུན་ཚར་རྗེས། རྩ་ཆེའི་རིག་དངོས་རྣམས་སྔར་ལས་སྲུང་སྐྱོབ་ལེགས་པོ་དང་། རྩ་མདའ་རྫོང་གི་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་དང་གུ་གེའི་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།