བོད་ཁུལ་གྱི་མཛེས་ལྗོངས་བཞི་ཀྲུང་གོའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་བཅུར་ཚུད།
ཉེ་ལམ། སྐྱེ་ཁམས་དཔལ་ཡོན་དང་ཡུལ་སྐོར་རྒྱུན་རིང་འཕེལ་རྒྱས་ཞེས་པའི་བརྗོད་དོན་གླེང་སྟེགས་དེ་ཀོས་ཀྲིག་ཞིང་ཆེན་ཀོས་ཡཱང་གྲོང་ཁྱེར་དུ་བསྡུས་ཤིང་། གླེང་སྟེགས་སྟེང་། འཛམ་གླིང་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་བཅུ་དང་། ཀྲུང་གོའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་བཅུ་ལེགས་འདེམ་མཇུག་འབྲས་བསྒྲགས་ཤིང་། དེ་ལས་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་བོད་ཁུལ་གྱི་མཛེས་ལྗོངས་ཆེན་མོ་བཞི་ཡིས་དག་གཙང་དང་། ཁྱད་དུ་འཕགས་པ། མཛེས་ཤིང་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ལས་ཀྲུང་གོའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་བཅུའི་གྲས་སུ་ཚུད།
ཐེངས་འདིའི་བོད་ཁུལ་གྱི་མཛེས་ལྗོངས་ཆེན་མོ་བཞི་ནི་མཚོ་སྔོན་གྱི་མཚོ་སྔོན་པོ་དང་། སི་ཁྲོན་གྱི་གཟི་ཚ་སྡེ་དགུ བོད་ལྗོངས་ཀྱི་གནམ་མཚོ། ཡུན་ནན་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བཅས་འདུས་ཤིང་། མཛེས་ལྗོངས་ཆེན་མོ་འདི་བཞི་ནི་བོད་ཁུལ་ན་མིང་དུ་གྲགས་པའི་རང་བྱུང་མཛེས་ལྗོངས་ཡིན་ལ། ལྷག་ཏུ་དྲ་གྲོགས་དང་ཡུལ་སྐོར་བའི་སེམས་ཁོང་ན་ཆེས་དག་གཙང་དང་བྱིན་རླབས་ཆེ་བའི་གནས་མཆོག་ཏུ་བསམ་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com