མཚོ་ལྷོ་ཁུལ་ནི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་གྱི་ཕ་ས་རུ་འགྱུར་བར་རེ་ལྟོས་ཆེ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-22 10:50:00 ཀློག་གྲངས།:

མཚོ་ལྷོ་ཁུལ་ནི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་གྱི་ཕ་ས་རུ་འགྱུར་བར་རེ་ལྟོས་ཆེ།
ཆེད་མཁས་རུ་ཁག་གིས་བོད་ཀྱི་གཙགས་དྲུབ་ཐོན་རྫས་ལ་གཟིགས་ཞིབ་བྱེད་པ།

      ཟླ9བའི་ཚེས14ཉིན་ནས་ཚེས16ཉིན་བར། ཀྲུང་གོའི་ལག་བཟོ་སྒྱུ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཝང་ཧྲན་གྱིས་ཆེད་མཁས་པའི་རུ་ཁག་གི་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དང་། ཁྲི་ཀ  བྲག་དཀར་རྫོང་། གསེར་ཆེན་རྫོང་བཅས་རྫོང་བཞིའི་བོད་ཀྱི་གཙགས་དྲུབ་འདྲེན་འཚོང་ཁེ་ལས་དང་གསོ་སྦྱོང་གནས་གཞི་རུ་སླེབས་ཏེ་བོད་ཀྱི་གཙགས་དྲུབ་ལས་སྣོན་དང་སྒྲིག་བཟོ། ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཆེད་མཁས་རུ་ཁག་གིས་བསམ་དོན། མཚོ་ལྷོ་ཁུལ་ལ་ཀྲུང་གོའི་ལག་བཟོ་སྒྱུ་རྩལ་མཛེས་རྩལ་ལས་རིགས་ཁྱད་འཕགས་ས་ཁུལ་གྱི་གཟེངས་རྟགས་ཐོབ་པའི་ཆ་རྐྱེན་གྲུབ་ཅིང་། འབྲེལ་ཡོད་གཏན་འཁེལ་ལྟར། ཚང་མས་གཅིག་མཐུན་གྱིས་ཀྲུང་གོའི་ལག་བཟོ་སྒྱུ་རྩལ་མཛེས་རྩལ་མཐུན་ཚོགས་ལ་མཚོ་ལྷོ་ཁུལ་ནི་ཀྲུང་གོའི་བོད་ཀྱི་གཙགས་དྲུབ་ཕ་སའི་གཟེངས་རྟགས་གནང་བར་མཚམས་སྦྱོར་བ་དང་། མང་རྫོང་ནི་ཀྲུང་གོའི་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་ཀྱི་གནས་གཞི་རུ་མཚམས་སྦྱོར་བའི་མོས་མཐུན་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།