《ཞིང་ལ་གཤེགས་པའི་འགྱུར་མེད》གློག་བརྙན་བྱ་དགའི་མིང་ཐོར་བཀོད་ཡོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2014-10-02 09:54:00 ཀློག་གྲངས།:
     ཉེ་སྔོན། ཐེངས་བཅུ་གསུམ་པའི་གཅིག་ཅན་ལྔའི་ལས་གྲྭ་ནང་སི་ཁྲོན་ཞིང་ཆེན་གྱི་གློག་བརྙན་དང་བརྙན་འཕྲིན་སོགས་རིགས7ལ་བྱ་དགའ་ཐོབ་ཡོད། གསར་འགོད་པས་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་དོན། ཐེངས་བཅུ་གསུམ་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཅིག་ཅན་ལྔའི་ལས་གྲྭ་དཔྱད་བསྡུར་འདེམས་བསྐོའི་མཇུག་འབྲས་ཉིན་དེར་ཡོངས་བསྒྲགས་བྱས་པ་མ་ཚད། ད་དུང་པེ་ཅིན་གྲོང་ཁྱེར་དུ་གཟེངས་བསྟོད་གྲོས་ཚོགས་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་གྱིས་བདམས་སྐྱེལ་བྱས་པའི་གློག་བརྙན་དང་བརྙན་འཕྲིན་སོགས་རིགས7ཚང་མར་བྱ་དགའ་ཐོབ་ཡོད། བསྟུད་མར་ཐེངས་གཉིས་ཀྱི་བྱ་དགའ་ཡོངས་རྫོགས་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ལ་སྒྲིག་འཛུགས་བྱ་དགའ་ཐོབ་པ་རེད། རྒྱལ་ཡོངས་ཀྱི་གློག་བརྙན་དང་བརྙན་འཕྲིན་སོགས་རིགས186ལ་ཐེངས་བཅུ་གསུམ་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ་ཐོབ་ཡོད། སི་ཁྲོན་ཞིང་ཆེན་གྱིས་བདམས་སྐྱེལ་བྱས་པའི་གློག་བརྙན《ཞིང་ལ་གཤེགས་པའི་འགྱུར་མེད》དང《ལན་ཧུའེ》། བརྙན་འཕྲིན་ཟློས་གར《ལོ་རྒྱུས་བསྒྱུར་མཚམས་ཁྲོད་ཀྱི་ཏེང་ཞའོ་ཕིན》། གཏམ་བརྗོད་ཟློས་གར《འཚོ་བ་སྐྱིད་པའི་འོག》། རླུང་འཕྲིན་ཟློས་གར《ཨ་ཕ》། གླུ་དབྱངས《གནའ་དུས་ཀྱི་ཁྲོན་པ》། དཔེ་ཆ《ལན་ཧུའེ་ཡིས་འཛམ་གླིང་ལ་གཏམ་རྒྱུ》བཅས་གློག་བརྙན་དང་བརྙན་འཕྲིན་སོགས་རིགས7ལ་བྱ་དགའ་ཐོབ་ཡོད། འདི་ནི2012ལོའི་ཐེངས་བཅུ་གཉིས་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ་ཐོབ་རྗེས། སི་ཁྲོན་ཞིང་ཆེན་གྱིས་ཡང་བསྐྱར་གཅིག་ཅན་ལྔའི་ལས་གྲྭའི་རིགས་ཚང་མའི་བྱ་དགའ་ཐོབ་པ་རེད།
     ཐེངས་འདིའི་གཅིག་ཅན་ལྔའི་ལས་གྲྭ་དཔྱད་བསྡུར་བྱ་རྒྱུ་ནི། ཏང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་རྒྱལ་གྱི་རིག་རྩལ་ལས་ཀའི་གྲུབ་འབྲས་ལ་གཟིགས་ཞིབ་གལ་ཆེན་པོ་ཞིག་ཡིན་པ་དང་ཕུལ་བྱུང་གི་རིག་གནས་ཐོན་རྫས་གཅིག་བསྡུས་ཀྱིས་སྟོན་པ་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་65འཁོར་བར་ལེགས་སྐྱེས་བཟང་པོ་ཞིག་འབུལ་བ་ཡང་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།