ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་བཞི་བ་ཁྲི་ཀར་བསྡུས།
མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་བཞི་བ་ཁྲི་ཀར་བསྡུས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-09 10:56:00
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་ཞིང་ཆེན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་བརྙན་གཟུགས་སྒྱུར་སྒྲིག་ལྟེ་གནས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ་བཅས་ལྷན་གྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་བཞི་བ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བསྡུས་ཤིང་། ཞིང་ཆེན་ཡོངས་ནས་སླེབས་པའི་གླུ་བ་གླུ་མ43ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་དང་། དེར་ས་གནས་ཀྱི་གཟིགས་མོ་བ་སྟོང་ལྷག་གིས་རོལ་མྱོང་བྱས།
དུས་ཡུན་ཉིན་དྲུག་གི་དྲང་བདེན་དང་འདྲ་མཉམ་གྱི་ཛ་དྲག་འགྲན་བསྡུར་བརྒྱུད་འགྲན་ཚན་སོ་སོ་བདེ་བླག་ངང་མཇུག་སྒྲིལ་ཞིང་། བསྡོམས་པས་བྱ་དགའ་ཨང་དང་པོ2དང་། ཨང་གཉིས་པ4། ཨང་གསུམ་པ6། ཕུལ་བྱུང་བྱ་དགའ20དང་རྩ་འཛུགས་བྱ་དགའ་འགའ་བཅས་བདམས་ཐོན་བྱུང་ལ། རྒྱུས་ལོན་པ་ལྟར་ན། མཚོ་ནུབ་ཁུལ་གྱི་འགྲན་ཞུགས་པ4ལ་བྱ་དགའ་ཨང་བཞི་བ་ཐོབ་པ་སྟེ། ཁོ་ཚོ་སོ་སོ་ནི་ཐེམ་ཆེན་རྫོང་གི་གླུ་མ་ལྷ་རིས་དང་། རིན་ཆེན་མཚོ། གླུ་བ་གསེར་གྲགས་རྒྱལ། ཏུའུ་ལན་རྫོང་གི་སྟག་འབུམ་རྒྱལ་བཅས་ཡིན་ལ། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་རྩ་འཛུགས་བྱ་དགའ་ཐོབ་པ་རེད།
ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའི་སྒྲིག་བཀོད་ལེགས་ཤིང་། མང་ཚོགས་ཀྱི་ཟབ་ཞུགས་རང་བཞིན་དྲག་པོ་ལྡན། འདིས་མཚོ་སྔོན་ཞིང་ཆེན་གྱི་དམངས་གླུ་སྔོག་འདོན་དང་འཕེལ་རྒྱས་ཐད་ཡར་སྐུལ་གྱི་ནུས་པ་ཆེས་ཆེར་ལྡན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དཔལ་ཡོན་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།