རྡོ་རྗེ་དོན་གྲུབ་དང་བསྟན་དགའི་ཐང་ག་ཉར་ཚགས་མཛད་སྒོ་དེ་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-11 09:32:00 ཀློག་གྲངས།:


ཀྲུང་གོའི་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་གི་འགོ་གཙོ་ལུའུ་ཀྲང་ཧྲིན་གྱིས་རྡོ་རྗེ་
དོན་གྲུབ་དང་བསྟན་དགའ་གཉིས་ལ་ཉར་ཚགས་དཔང་ཡིག་གནང་།

     ཉེ་ལམ། བོད་ལྗོངས་ཀྱི་རྡོ་རྗེ་དོན་གྲུབ་དང་བསྟན་དགའི་ཐང་ག་བརྩམས་ཆོས་ཀྲུང་གོའི་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་ཉར་ཚགས་ཀྱི་མཛད་སྒོ་དེ་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་སྤེལ་ཞིང་། ཀྲུང་གོའི་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་གི་འགོ་གཙོ་ལུའུ་ཀྲང་ཧྲིན་གྱིས་ཁོ་གཉིས་ལ་ཉར་ཚགས་དཔང་ཡིག་གནང་བ་དང་། འབྲེལ་ཡོད་མི་སྣ་དང་སྨྱན་བྱད་ལས་རིགས་ཁག་གི་གསར་འགོད་པ་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།


《ཤཱཀྱ་མུ་ནེ》དང《སྤྱན་རས་གཟིགས》།《སྒྲོལ་ལྗང》།

     ཐེངས་འདིའི་ཀྲུང་གོའི་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་ཉར་ཚགས་ཀྱི་ཐང་གའི་བརྩམས་ཆོས་བཞི་ནི། རྡོ་རྗེ་དོན་གྲུབ་ཀྱི་ཐང་ག《ཤཱཀྱ་མུ་ནེ》དང《ཕྱོགས་ལྔའི་སྒྲོལ་མ》། བསྟན་དགའི《སྤྱན་རས་གཟིགས》དང《སྒྲོལ་ལྗང》བཅས་ཡིན། བརྩམས་ཆོས་འདི་བཞི་ནི་ཁོ་གཉིས་ཀྱིས་ཉེ་བའི་ལོ་འགའི་ནང་དཀའ་སྤྱད་སྡུག་རུས་བྱས་པའི་འབྲས་བུ་དང་། རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་གིས་ཐོག་དང་པོར་ཉར་ཚགས་བྱས་པའི་རྡོར་ལུགས་ཐང་ག་དང་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་ཡིན་ལ། འདིས་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་དེ་སྔ་རྡོར་ལུགས་ཐང་ག་དང་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་མེད་པའི་སྟོང་ཆ་བསྐངས།


《ཕྱོགས་ལྔའི་སྒྲོལ་མ》།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།