ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་ཤུལ་བཞག་རང་བྱུང་དུརེ་ཞུ་བྱས་པ།
ཨ་ཆེན་གངས་རྒྱལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།
ཉེ་ཆར། རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་འཛམ་གླིང་གི་ཤུལ་བཞག་རང་བྱུང་ལ་རེ་ཞུ་བྱས།
མདོ་དབུས་མཐོ་སྒང་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། ཨ་ཆེན་གངས་རྒྱབ། ཁུ་ནུ་རི་བོ། མདོ་ལ་རིང་མོ། ཚྭ་འདམ་གཞོང་། མཚོ་སྔོན་པོ་སོགས་ཤུལ་བཞག་ཐོན་ཁུངས་གལ་ཆེན་སྐོར་ཞིག་ཡོད་ཀྱང་། འོན་ཀྱང་འཛམ་གླིང་ཤུལ་བཞག་ཏུ་གཅིག་ཀྱང་མེད་པ་རེད། དེ་བས་ཉེ་བའི་ལོ་ནང་ཤུལ་བཞག་རང་བྱུང་ལ་རེ་ཞུ་བྱེད་པའི་བྱ་བར་ཞིང་ཆེན་ཕྱི་ནང་གི་སྤྱི་ཚོགས་ལས་རིགས་ཁག་ཏུ་སྔར་ལས་དོ་སྣང་བྱེད་ཀྱིན་ཡོད་ཅིང་། སྡོད་ཁང་དང་ཞིང་སྡེའི་འཛུགས་སྐྲུན་པུའུ་ཡིས་ཁུ་ནུ་རི་བོ་དང་ཨ་ཆེན་གངས་རྒྱབ། མཚོ་སྔོན་པོ་སོགས་མཚོ་སྔོན་ཞིང་ཆེན་གྱི་ཤུལ་བཞག་རེ་ཞུའི་མིང་ཐོ་འདོན་པར་འོས་སྦྱོར་བྱས་མྱོང་། དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱིས་ཤུལ་བཞག་རང་བྱུང་ལ་རེ་ཞུ་བྱེད་པའི་ཆ་རྐྱེན་ཆེས་འཛོམས་པའི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་འཛམ་གླིང་ཤུལ་བཞག་རང་བྱུང་དུ་རེ་ཞུ་བྱེད་པའི་བྱ་བ་དངོས་སུ་འགོ་བརྩམས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com