ཅི་ཏི་མཱ་ཅར་ཨ་ཧྥེ་རི་ཁ་ལྷོ་མའི་མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཀྱི་གཟེངས་རྟགས་ཐོབ་པ།
ཅི་ཏི་མཱ་ཅར་ཨ་ཧྥེ་རི་ཁ་ལྷོ་མའི་མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཀྱི་གཟེངས་རྟགས་ཐོབ་པ།
སྤྱི་ཟླ10པའི་ཚེས10ཉིན། 2014ལོའི་ཨ་ཧྥེ་རི་ཁ་ལྷོ་མའི་མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཀྱི་གཟེངས་རྟགས་དེ་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཤར་མ་ཞིང་ཆེན་གྱི་གྲོང་ཁྱེར་པཱ་ཐེ་ཝོ་སི་ནས་གནང་ཞིང་། ཀྲུང་གོའི་སྙན་ངག་པ་གྲགས་ཅན་དང་མཁས་པ། མཚོ་སྔོན་ཞིང་ཆེན་ ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན།ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏི་མཱ་ཅ་ལ་གཟེངས་རྟགས་དེ་ཐོབ་པ་རེད།
དཔྱད་འདེམ་ཨུ་ཡོན་ལྷན་ཁང་ནས་བྱ་དགའི་ཤིས་ཚིག་ཏུ། ཅི་ཏི་མཱ་ཅ་ནས་སྒྱུ་རྩལ་ལས་དོན་དང་རིག་གནས་སློབ་གསོའི་འཕེལ་རྒྱས་ལ་བཏོན་པའི་བླ་མེད་བྱས་རྗེས་ལ་བསྔགས་ཤིང་། ཁོང་ལ་མི་དམངས་རིག་གནས་ཀྱི་སྲུང་སྐྱོབ་མཁན་ཞེས་པའི་མཚན་སྙན་གནང་། ཐེངས་འདིར་གཟེངས་རྟགས་ཐོབ་མཁན་ལ་ད་དུང་ཕ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་སྐུ་ཚབ་སའེ་དབྱི་པུའུ་ཨའེ་ལེ་ཐེ་སོགས་ཡོད་པ་རེད།
ཅི་ཏི་མཱ་ཅས་ཡིག་ཐོག་ནས་མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཁོ་བོར་འདི་འདྲའི་མཚན་སྙན་གནང་བར་ཐུགས་རྗེ་ཆེ་ཞུ་ཞིང་། ཁོང་གིས་ངས་འཛམ་གླིང་མིའི་རིགས་ཀྱི་རིག་གནས་སྣ་མང་ཅན་གྱི་རྒྱུད་འཛིན་དང་སྲུང་སྐྱོབ་ལ་བཏོན་པའི་གསར་སྐྲུན་ཅན་གྱི་ལས་ཀ་དང་བྱས་རྗེས་ལ་ཧ་ཅང་ནས་ཚད་ཡོད་ཅིང་། ངས་ཨ་ཧྥེ་རི་ཁ་གླིང་གི་བླ་ན་འཕགས་པའི་གཟེངས་རྟགས་འདི། ཁྱེད་ཅག་གིས་རླབས་ཆེ་བའི་ཀྲུང་གོ་དང་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བ། སེམས་རྒྱུད་བཟང་བའི་ཀྲུང་གོའི་མི་དམངས་ལ་བཅིངས་པའི་མཛའ་བརྩེ་དང་གུས་འདུད་ཅིག་ཏུ་བསམ་ངེས་ཡིན་ཞེས་གསུངས་པ་རེད།
ཅི་ཏི་མཱ་ཅ་ནི་ཀྲུང་གོའི་དེང་རབས་ཀྱི་སྙན་ངག་པ་གྲགས་ཅན་ཞིག་ཡིན་ལ། 《ཐོབ་ཐང》དང《སེམས་ཡན་རོལ་དབྱངས་ནག་པོ》སོགས་སྙན་ངག་བརྩམས་ཆོས་མང་པོ་ཞིག་ཡིག་རིགས་དུ་མར་བསྒྱུར་ཅིང་། འཛམ་གླིང་གི་རྒྱལ་ཁབ30ལྷག་ནས་པར་བསྐྲུན་འགྲེམ་སྤེལ་གནང་། ཁོང་གིས་སྣེ་ཁྲིད་ནས་སྤེལ་བའི“མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན”དང“འཛམ་གླིང་རི་ཁུལ་དངོས་བྲིས་གློག་བརྙན”སོགས་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་བྱ་འགུལ་དག མིག་སྔའི་ཀྲུང་གོ་དང་འཛམ་གླིང་བར་ལ་རྒྱལ་སྤྱིའི་གླེང་མོལ་དང་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ལམ་ཞིག་ཏུ་གྱུར་ཡོད།
“མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཀྱི་གཟེངས་རྟགས”ནི་ཨ་ཧྥེ་རི་ཁ་ལྷོ་མའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་དང་མི་སེར་སྤེལ་བ་དང་རིགས་རྒྱུད་ལོགས་ཕྲལ་ལ་རྒོལ་བའི་དཔའ་བོ་ལི་ཁྲ་ཏེ་མུའུ་ཅི་ཝ་ཡིས1999ལོར་བཙུགས་ཤིང་། དམིགས་ཡུལ་ནི་སྤྱན་རྒྱ་ཡངས་པོས་རྒྱ་ཆེའི་མང་ཚོགས་དང་འབྲེལ་བའི་སྲིད་དོན་ལ་ཧུར་ཐག་དང་། སྤྱི་ཚོགས་ཀྱི་བྱེད་སྒོ་པ་དང་རིག་རྩལ་ལས་གཉེར་པ་མིང་གྲགས་ཅན་ལ་བསྟོད་བསྔགས་གནང་པའི་ཆེད་དུ་རེད་ཅེས་ངོ་སྤྲོད་གནང་འདུག
ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་སྔ་མ་ནེར་ཞུན་མན་ཌ་ལ་དང་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་དབུ་འཛིན་ཧྥེ་ཏེར་ཁཱ་སི་ཐེ་ལུའོ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་དྲུང་ཡིག་ཆེན་མོ་སྔ་མ་ཨའེ་ཧ་མའེ་ཏེ་ས་ལི་མུའུ་སོགས་རྒྱལ་སྤྱིའི་སྲིད་དོན་པ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འཁྲབ་སྟོན་པ་ཁེན་ཀན་ཕུའུ་སོགས་སྤྱི་ཚོགས་ཀྱི་ལས་སྒོ་པ་དང་རིག་གནས་མི་དྲག་གྲགས་ཅན་ལའང་གཟེངས་རྟགས་འདི་ཐོབ་མྱོང་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com