《བོད་རྒྱ་ལས་རིགས་ལག་རྩལ་རྒྱུན་བཀོལ་ཐ་སྙད་སློབ་སྦྱོང་ལག་དེབ》པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-01 11:41:00 ཀློག་གྲངས།:

  ཉེ་ཆར། མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་གསལ་འབྱེད་མཛུབ་སྟོན་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《བོད་རྒྱ་ལས་རིགས་ལག་རྩལ་རྒྱུན་བཀོལ་ཐ་སྙད་སློབ་སྦྱོང་ལག་དེབ》ཅེས་པ་དེ་ཀྲུང་གོ་ངལ་རྩོལ་སྤྱི་ཚོགས་འགན་སྲུང་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེལ་སྤེལ་བྱས་ཤིང་། དེ་ནི་ཉེ་བའི་ལོ་ནང་རྒྱལ་ཁབ་བོད་ཡིག་རྒྱུགས་མཛོད་འཛུགས་སྐྲུན་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལས་རིགས་ལག་རྩལ་ཚད་གཞིའི་དཔྱད་ཞིབ་དང་ཚད་ལྡན་དུ་གཏོང་བའི་སྤྱི་བསྡོམས་ཞིག་ཡིན་པ་རེད། དེས་རྒྱལ་ཡོངས་བོད་ཁམས་ཀྱི་ངལ་རྩོལ་པའི་ལག་རྩལ་མཐོར་འདེགས་གཏོང་བར་མཐུན་རྐྱེན་བསྐྲུན་པ་རེད།
  ཉེ་བའི་ལོ་ནང་། མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་གསལ་འབྱེད་མཛུབ་སྟོན་ལྟེ་གནས་ཀྱིས་མི་རིགས་ས་ཁུལ་གྱི་ལས་རིགས་ལག་རྩལ་བྱ་བའི་ཞབས་ཞུ་མ་ལག་ཅིག་ཧུར་ཐག་གིས་བསྐྲུན་ནས། (བོད་ཡིག)རྒྱལ་ཁབ་ལས་རིགས་ལག་རྩལ་གསལ་འབྱེད་རྒྱུགས་མཛོད་དང《བོད་རྒྱ་ལས་རིགས་ལག་རྩལ་རྒྱུན་བཀོལ་ཐ་སྙད་སློབ་སྦྱོང་ལག་དེབ》སོགས་ཀྱི་མ་ལག་ཆ་ཚང་ཞིག་གྲུབ་པས། གྲངས་ཉུང་མི་རིགས་ཀྱི་ངལ་རྩོལ་པའི་ལག་རྩལ་ཆུ་ཚད་མཐོར་འདེགས་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།