མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་ལ་གོང་འཕེལ་ཆེན་པོ་བྱུང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-12-30 11:45:00 ཀློག་གྲངས།:
  རྒྱུས་ལོན་བྱུང་བ་ལྟར་ན་ཉེ་བའི་ལོ་ནང་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིགས་ཐོན་ལས་ལ་གོང་འཕེལ་ཆེན་པོ་བྱུང་བ་སྟེ། ཞིང་ཆེན་ཡོངས་སུ་བོད་སྨན་ཐོན་སྐྱེད་ཁེ་ལས12ཡོད་པ་དང་། སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར1ལ་བསླེབས་ལ། དེས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རིན་ཐང་གི1%ཟིན་པ་རེད། དེའི་མཚུངས་སུ་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་རྐང་འཛིན་པ་དང་རིག་གཞུང་སྣེ་ཁྲིད་པ་སྐོར་ཞིག་སྐྱེད་སྲིང་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་ལ་གོང་འཕེལ་ཆེན་པོ་བྱུང་།
  ལོ་ངོ་མང་པོའི་རིང་དུ། རང་རྒྱལ་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། སློབ་ཁྲིད། རིག་གཞུང་ཞིབ་འཇུག་གི་མ་ལག་འཐུས་ཚང་ཞིག་བཙུགས་ལ། རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་སྨན་ཁང40ལྷག་ཡོད་པ་དང་། བོད་ལུགས་གསོ་རིག་སློབ་གླིང2ཡོད། ད་ལྟའི་བར་དུ་བོད་ལུགས་གསོ་རིག་གི་ཆེད་ལས་མི་སྣ་མི5000ལྷག་སྐྱེད་སྲིང་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།