རང་བྱུང་དངོས་མང་བཤམས་སྟོན་ཁང་དེ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཁྱབ་གདལ་རྟེན་གཞི་རུ་བསྒྱུར།
ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་དང་། ཚན་རིག་ལག་རྩལ་སྡེ་ཁག་གཉིས་ཀྱིས་མཉམ་འབྲེལ་གྱིས་སྐོར་བཞི་བའི་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཁྱབ་གདལ་རྟེན་གཞིའི་མིང་གི་འབྲེལ་ཡོད་བརྡ་སྦྱོར་བཀྲམ་སྟེ། སྐོར་བཞི་བའི་མདོ་དབུས་མཐོ་སྒང་རང་བྱུང་དངོས་མང་བཤམས་སྟོན་ཁང་དེ་“རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཁྱབ་གདལ་རྟེན་གཞི”རུ་བསྒྱུར།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་མདོ་དབུས་མཐོ་སྒང་རང་བྱུང་དངོས་མང་བཤམས་སྟོན་ཁང་ཡོད་ཚད་ཀུང་ཟི་ནི་ཞིང་ཆེན་སྐྱེ་དངོས་ཚན་རྩལ་ཐོན་སྐྱེད་དར་སྤེལ་འཛུགས་སྐྲུན་ཚད་ཡོད་ཀུང་ཟིའི་ཁོངས་གཏོགས་ཀྱི་རྒྱལ་ནང་གི་རིག་གནས་ཁེ་ལས་ཤིག་ཡིན་ལ། ཟི་ལིང་གྲོང་ཁྱེར་སྐྱེ་དངོས་ཐོན་ལས་གླིང་དུ་བཙུགས་ཡོད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་ལྔ་བ་ནས་འཛུགས་སྐྲུན་བྱས་ཏེ། ཕྱི་ཕྱོགས་སུ་སྒོ་འབྱེད་པ་ནས་བཟུང་། དངོས་མང་བཤམས་སྟོན་ཁང་འདིས་མདོ་དབུས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་དང་ས་རྒྱུས་ས་བབ་དྲིལ་སྒྲོག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ལ། སྔོན་ཐོན་སྨྱན་བྱད་ཀྱི་བརྒྱུད་སྒྲོག་ཐབས་ལམ་ལ་བརྟེན་ནས།མདོ་དབུས་མཐོ་སྒང་དང་། ལྷག་པར་དུ་རབ་མཛེས་མཚོ་སྔོན་གྱི་ཡུལ་ལྫོངས་ཀྱི་རྣམ་པ་མངོན་པར་མཚོན་ཡོད་ལ། མཚོ་སྔོན་གྱི་ས་གཤིས་དང་ས་བབ། རིན་བྲལ་གྱི་གཏེར་ཁ། སྐྱེ་དངོས་སྣ་ཚོགས། སྐྱེ་ཁམས་ཀྱི་ཁྱད་ཆོས། རང་བྱུང་ཆོས་ཉིད་བཅས་ཀྱི་བཀོད་པ་ཇི་བཞིན་མཚོན་པར་བྱས་ཡོད་ཅིང་། དངོས་མང་བཤམས་སྟོན་ཁང་འདིས་རྩ་འཛུགས་བྱས་ནས་གཟའ་འཁོར་ཚན་རྩལ་བྱ་འགུལ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་རྟེན་གཞིའི་ཉིན་མོ། ཕ་ཡུལ་ལ་བརྩེ་སེམས་འབུལ་བ་བཅས་བརྗོད་བྱ་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་གི་བྱ་འགུལ་སྣ་ཚོགས་སྤེལ་ནས་མི་མང་པོ་ཞིག་ལ་སྔར་ལས་ཀྱང་ཁོར་ཡུག་སྲུང་སྐྱོབ་དང་། ཚན་རྩལ་ཁྱབ་གདལ་གྱི་ཤེས་བྱ་ཆགས་སུ་བཅུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com