མཚོ་ལྷོར་སྐབས་དང་པོའི་ང་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་བརྙན་འཕྲིན་གཟེངས་འདེམ་འགྲན་བསྡུར་སྤེལ་བ།
མཚོ་ལྷོར་སྐབས་དང་པོའི་ང་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་བརྙན་འཕྲིན་གཟེངས་འདེམ་འགྲན་བསྡུར་སྤེལ་བ།
མཚོ་ལྷོར་སྐབས་དང་པོའི་ང་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་བརྙན་འཕྲིན་གཟེངས་འདེམ་འགྲན་བསྡུར་སྤེལ་བ།
ཟླ1པོའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་ཅུའུ། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་གཙོ་བསྒྲུབས་དང་། མཚོ་ལྷོ་ཁུལ་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་དང་ཁུལ་བརྙན་འཕྲིན་ཁང་གཉིས་ཀྱིས་འགན་བསྒྲུབས་བྱས་པའི་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་ང་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་བརྙན་འཕྲིན་གཟེངས་འདེམ་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་སུ་སྤེལ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་ང་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་གཟེངས་འདེམ་འགྲན་བསྡུར་ནི2014ལོའི་ཟླ9པ་ནས་སྤེལ་འགོ་བརྩམས་ཤིང་། མཚོ་ལྷོ་ཁུལ་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་གིས་རྫོང་ལྔ་བོ་རུ་འགྲན་བསྡུར་ཐོག་མ་དང་འགྲན་བསྡུར་བསྐྱར་མ་སྤེལ་ཏེ་རྫོང་སོ་སོར་དམངས་ཁྲོད་གླུ་བ5རེ་བདམས་ཐོན་བྱུང་ནས་རྟིང་རྩོད་འགྲན་བསྡུར་དུ་ཞུགས་པ་རེད།
མཚོ་ལྷོར་སྐབས་དང་པོའི་ང་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་བརྙན་འཕྲིན་གཟེངས་འདེམ་འགྲན་བསྡུར་སྤེལ་བ།
ཐེངས་འདིའི་འགྲན་བསྡུར་ཁྲོད་དམངས་གླུ་དང་། རྡུང་ལེན། རྩེད་རིག གླུ་གཞས་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་ལ། ང་ནི་ཁུ་བྱུག་འདྲ་བའི་གླུ་བ་ཡིན་ཞེས་པའི་འགྲན་བསྡུར་བརྒྱུད་ནས་དམངས་ཁྲོད་གླུ་བ་རྣམས་ལ་རང་ཉིད་ཀྱི་ཁྱད་ཆོས་མངོན་མཚོན་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པའི་ཁར། མཚོ་ལྷོ་ཁུལ་ཁོངས་ཀྱི་བོད་ཀྱི་དམངས་གླུ་སྔོག་འདོན་དང་སྲུང་སྐྱོབ། འཛིན་སྤེལ་བྱེད་པར་ནུས་པ་གལ་ཆེན་ཐོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com