སློབ་གསོའི་ལས་དོན་གཙིགས་ཆེན་བྱེད་པའི་འཁྱམས་རུ་རབ་འོག་མ་སྡེ་བ།

རྩོམ་པ་པོ།:གངས་དཀར་དབང་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-26 09:10:00 ཀློག་གྲངས།:


སྐབས་འདིའི་གསབ་སྦྱོང་ལ་ཞུགས་པའི་དགེ་སློབ་ལྷན་རྒྱས།

བློ་ལ་སྐྱོར་བཞིན་པའི་སློབ་མའི་ཚོགས།

བློ་ལ་སྐྱོར་བཞིན་པའི་སློབ་མའི་ཚོགས།

སྐབས་ཐེངས་རེའི་གསབ་སྦྱོང་འཛིན་གྲྭའི་འགན་ཁུར་བ་དགེ་རྒན་དཀོན་མཆོག

      མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་བརྡལ་འཁྱམས་རུ་རབ་འོག་མ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་དང་བོད་ཁམས་ཕྱུགས་ལས་མཉམ་ལས་ཀྱི་དཔེ་སྟོན་སྡེ་བ་ཞིག་ཡིན་ལ།  ཉེ་བའི་ལོ་འདི་གར་ཏང་གི་ཡང་དག་པའི་དབུ་ཁྲིད་དང་སྲིད་ཇུས་འོག་སྡེ་བའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། 
      ན་ནིང་ནས་བཟུང་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི་དཔལ་བྷོ་དང་སྡེ་དཔོན་ཚེ་དབང་ཕུན་ཚོགས་གཉིས་ཀྱི་རྒྱབ་སྐྱོར་འོག་སྡེ་བའི་སློབ་ཆེན་པ་སྐོར་ཞིག་རྩ་འཛུགས་གནང་སྟེ་སྡེ་བའི་ནང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་དགུན་གནང་གི་གསབ་སྦྱོང་འཛིན་གྲྭ་བཙུགས་ནས་སྡེ་བའི་སློབ་གསོའི་རྣམ་པ་སྔོན་ཆད་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་བས། ས་གནས་ཀྱི་མང་ཚོགས་དང་ཁྱིམ་བདག སློབ་མ་དག་གིས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་རོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།