ལམ་སྟོན་དྲ་བའི་གསལ་བརྡ།
རྩོམ་པ་པོ།:ལམ་སྟོན་དྲུ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-01-30 08:39:00
ཀློག་གྲངས།:
བོད་རབ་གནས་ཤིང་རྟ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ངེད་ལམ་སྟོན་དྲ་བ་དངོས་སུ་ཤར་གཏོང་བྱས་པ་ནས་ད་བར་དུ་དྲ་དམངས་ཁྲི་ཚོ་གཉིས་ལྷག་གིས་བཀོལ་སྤྱོད་བྱས་པའི་ཟིན་ཐོ་གསར་བ་བསྐྲུན་ཡོད་པ་དང་། གླེང་མོལ་དང་འཕྲིན་ཕྲན་སོགས་བརྒྱུད་ནས་བཟང་ངན་གྱི་བསམ་ཚུལ་འདོན་མཁན་ཡང་མང་ཙམ་བྱུང་བར་རབ་ཏུ་དགའ་ནས་ཡོད།
བོད་ཁ་བ་ཅན་པའི་ཚན་རྩལ་རིག་གནས་ཀྱི་འཕེལ་རྒྱས་དང་། བོད་ཡིག་བརྡ་འཕྲིན་གྱི་གོམ་སྟབས་མྱུར་བར་གཏོང་ཆེད་ངེད་དྲ་བའི་འགན་འཛིན་པ་ཡོངས་ཀྱི་གྲོས་མོལ་བརྒྱུད། ལམ་སྟོན་དྲ་བའི་དྲ་ངོས་གསར་བརྗེ་བྱེད་པའི་ལས་ཀ་དངོས་སུ་མགོ་བརྩམས་ཡོད་ཅིང་། ཐེངས་འདིར་གསར་བསྒྱུར་བྱེད་པའི་ནང་དོན་གྱི་ཆ་ནས་ད་སྔོན་ཚུད་མེད་པའི་སྤྱི་སྒེར་གྱི་བོད་ཡིག་དྲ་ངོས་མཐའ་དག་བསྡུ་རུབ་གང་ཐུབ་བྱེད་པ་དང་། བོད་ཡིག་མེད་པའི་རྩིས་འཁོར་དང་ཁ་པར་སོགས་ཀྱི་ནང་ནས་ཀྱང་ལྟ་ཀློག་བྱེད་ཆོག་པའི་ནུས་པ་གསར་བསྐྲུན། ཆ་འཕྲིན་གསར་འགྱུར་དང་། རྩོམ་རིག་སྒྱུ་རྩལ་སོགས་ཀྱིས་མཚོན་རྩོམ་སྤེལ་ནུས་པ་ཞིག་ཀྱང་ཁ་སྣོན་བྱེད་པའི་འཆར་གཞི་ཡོད་པས་རྒྱ་ཆེའི་དྲ་བདག་དང་དྲ་དམངས་ཡོངས་ཀྱིས་དེ་ལུགས་ཐུགས་འཇགས་བྱས་ཏེ། སྔོན་མེད་དྲ་ངོས་དང་ཆ་འཕྲིན་གསར་འགྱུར། རྩོམ་རིག་འགང་ཅན་སོགས་ཀྱིས་རྒྱབ་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུ། གཞན་དྲ་ངོས་སུ་འགྲེམ་བརྡ་འཇོག་དགོས་མཁན་དག་གིས་ཀྱང་དེ་ལུགས་བྱས་ཏེ་འགྲེམ་བརྡའི་རྒྱུ་ཆ་སོགས་མཁོ་སྤྲོད་བྱེད་རོགས།
དུས་ཚོད། 2015ལོའི་ཟླ་1ཚེས31ནས་ཟླ་2པའི་ཚེས10བར་ཡིན།
བསྐུར་ཡུལ། duoga@126.com
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།