མཚོ་ལྷོ་ཁུལ་དུ་བོད་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་བསྡུས་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-30 10:01:00 ཀློག་གྲངས།:


འགྲན་སྡུར་ཡུལ་དངོས།

       སྤྱི་ཟླ1པའི་ཚེས29ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མདའ་འཕེན་མཐུན་ཚོགས་ཀྱི་ཚོགས་མི་པདྨ་དོན་གྲུབ་ལགས་ཀྱིས་མ་དངུལ་བཏང་སྟེ་ཁུལ་ཡོངས་ཀྱི་མདའ་འཕེན་འགྲན་སྡུར་དེ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་བསྡུས། ཁུལ་ཡོངས་ཀྱི་རྫོང་ཁག་ལྔ་ཡི་རུ་ཁག70ཡིས་མིང་ཐོ་བཀོད་ཅིང་། མདའ་བ700ལྷག་ཡོད།


མདའ་མོ་མཐེབ་ལ་སྤྲད་པའི་མདའ་བ།

      རྒྱུས་ལོན་ལྟར་ན། འགྲན་སྡུར་ལ་ཨང་དང་པོ་དང་གཉིས་པ། གསུམ་པ། བཞི་བ་བཅས་སུ་བགར་ཅིང་། ཨང་དང་པོའི་བྱ་དགར་དམངས་སྒོར་ཁྲི་གཅིག་དང་། ཨང་གཉིས་པའི་བྱ་དགར་དམངས་སྒོར་སྟོང་དྲུག ཨང་གསུམ་པའི་བྱ་དགར་དམངས་སྒོར་སྟོང་བཞི། ཨང་བཞི་བའི་བྱ་དགར་དམངས་སྒོར་སྟོང་གཉིས་བཅས་ཡིན།


ཁོངས་ཡངས་པའི་མདའ་འཕེན་ར་བ།

      པདྨ་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་ལྟར་ན། ཐེངས་འདིའི་ཁུལ་ཡོངས་ཀྱི་མདའ་འཕེན་འགྲན་སྡུར་ནི་མཚོ་ལྷོ་ཁུལ་གྱི་མདའ་བ་རྣམས་ལ་མདའ་རྩལ་དང་ཉམས་མྱོང་བརྗེ་རེས་ཀྱི་གར་སྟེགས་ཤིག་བསྐྲུན་པ་མ་ཟད། རང་སའི་བོད་ཀྱི་མདའ་རྩལ་མཐོར་འདེགས་དང་བོད་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་ལ་དགོས་ངེས་ཀྱི་ཕན་ནུས་བསྐྲུན་པའི་ཆེད་ཡིན་ཞེས་འགྲེལ་བརྗོད་གནང་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།