ཁྲི་ཀ་རྫོང་ལ2014ལོའི་མཐོ་སྒང་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་གྱི་མཚན་སྙན་གསུམ་ཐོབ་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-17 10:54:00 ཀློག་གྲངས།:
      2014ལོར་ཁྲི་ཀ་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་མཐོ་སྒང་མཛེས་སྡུག་གྲོང་ཚོ་སྤྱིའི་སྒྲིག་བཀོད་ལྟར། འཆར་ཇུས་བཟོས་ཤིང་ལས་གཞི་ལག་བསྟར་བྱས་ནས། མང་ཚོགས་ལ་སྐུལ་སློང་དང་རྩ་འཛུགས་ཞིབ་ཚགས། ཁ་གཏད་མཉམ་སྐྲུན་གྱིས་མ་དངུལ་སྒོར་དུང་ཕྱུར1.29 བཏང་སྟེ་མཐོ་སྒང་མཛེས་སྡུག་གྲོང་ཚོ7གྱི་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། 2015ལོའི་ཟླ2པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་མཐོ་སྒང་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་སྐུལ་འདེད་ཚོ་ཆུང་ནས་ཁྲི་ཀ་རྫོང་ལ་མཐོ་སྒང་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་ཅན་མཚན་སྙན་གནང་བ་དང་། རྫོང་ནོར་སྲིད་ཅུའུ་ལ་མཐོ་སྒང་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་གྱི་ཁ་གཏད་མཉམ་སྐྲུན་བྱ་བའི་གྲུབ་འབྲས་མངོན་གསལ་ལས་ཁུངས་ཀྱི་མཚན་སྙན་གནང་། ཆུ་ཤར་ཡུལ་ཚོའི་གོང་བ་སྡེ་བར་མཐོ་སྒང་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་ཅན་གྱི་སྡེ་བའི་མཚན་སྙན་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།