མཚོ་བྱང་ཁུལ་བོད་སྐད་ཨུའི་འགོ་གཙོ་སོགས་མཚོ་ལྷོའི་བོད་སྐད་ཨུ་གཞུང་ལས་ཁང་དུ་རྟོག་ཞིབ་ཏུ་སླེབས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-20 09:51:00 ཀློག་གྲངས།:


མཚོ་བྱང་ཁུལ་བོད་སྐད་ཨུའི་འགོ་གཙོ་སོགས་མཚོ་ལྷོའི་བོད་སྐད་ཨུ་གཞུང་ལས་ཁང་དུ་རྟོག་ཞིབ་ཏུ་སླེབས།

     ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་རིན་ཆེན་ཚེ་རིང་སོགས་མི་གསུམ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ལ་གཟིགས་ཞིབ་ཏུ་སླེབས།

མཚོ་བྱང་ཁུལ་བོད་སྐད་ཨུའི་འགོ་གཙོ་སོགས་མཚོ་ལྷོའི་བོད་སྐད་ཨུ་གཞུང་ལས་ཁང་དུ་རྟོག་ཞིབ་ཏུ་སླེབས།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གཞི་རྩའི་སྤྱོད་ནུས་སོགས་སྟོན་བཞིན་པ།

     མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས་མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ལ་མིག་སྔར་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་གནང་ཞིང་། བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་མ་འོངས་ཁ་ཕྱོགས་ཐད་གླེང་མོལ་མཛད་པ་དང་། མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་བྱང་བོད་ཡིག་སྲིད་དོན་དྲ་བ་ཞིག་འཛུགས་འཆར་ཡོད་པར་རྒྱབ་སྐྱོར་བྱས་པ་མ་ཟད། དྲ་བ་འཛུགས་པའི་ཉམས་མྱོང་དང་མཉམ་འཇོག་དགོས་སར་གཏིང་ཟབ་སྒོས་བགྲོ་གླེང་བྱས་ལ། དེ་མིན་རྟོག་ཞིབ་ཚན་ཆུང་ལ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གཞི་རྩའི་སྤྱོད་ནུས་དང་དྲ་ངོས་ཀྱི་སྒྲིག་བཀོད་རིམ་པ་སོ་སོ་བསྟན་པ་དང་། ཞབས་ཞུ་འཕྲུལ་ཆས་དང་མི་སྣ་སོགས་ཀྱི་གྲ་སྒྲིག་གནས་ཚུལ་རྣམས་མཚམས་སྦྱོར་བྱས།


མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་རིན་ཆེན་ཚེ་རིང་།

     མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་རིན་ཆེན་ཚེ་རིང་གིས་འབྲེལ་ཡོད་མཚམས་སྦྱོར་དག་ལ་ཉན་རྗེས་ངོ་མཚར་རབ་ཏུ་སྐྱེས་ཤིང་། བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་མ་འོངས་འཕེལ་རྒྱས་ལ་སྔར་ལས་སྒོ་ནས་སྤོབས་པ་ལྡན་པ་མ་ཟད། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་ཤུགས་སྣོན་པ་དང་མཉམ་འབྲེལ་མངོན་འགྱུར་ཡོང་བར་རེ་སྨོན་ཞུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།