ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཧེ་ཡན་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་རྒྱུན་མཁོའི་དཔེ་དེབ་འགྲེམ་སྤེལ་བྱས།
ཧེ་ཡན་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་རྒྱུན་མཁོའི་དཔེ་དེབ་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2015-04-11 09:22:00
ཀློག་གྲངས།:
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཞང་གི་ཀྲུང་དབྱང་གི་ཡིག་ཆ་དང་པོ་དྲིལ་སྒྲོག་བྱེད་པའི་བྱ་བའི་ཚན་ཆུང་གིས་མང་ཚོགས་ཀྱི་བསམ་འཆར་ལྟར། མང་ཚོགས་ཀྱི་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་དམངས་ཕན་སྲིད་ཇུས་དང་། འགྲོ་ལུགས་སྒྲུབ་པའི་གོ་རིམ། ལས་བྱེད་པར་འབྲེལ་གཏུག་བྱེད་ཐབས་སོགས་ཕྱོགས་གཅིག་ཏུ་བསྡུས་ནས་ཝ་འཇོག་ཞང་གི་དམངས་ལ་སྟབས་བདེ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་འགྲོ་ལུགས་སྒྲུབ་པའི་གོ་རིམ་དྲིལ་སྒྲོག་བྱས།
བྱ་བའི་བྱེད་ཕྱོགས་གཙོ་བོ་སྨན་བཅོས་འཕྲོད་བསྟེན་དང་། ཕྱུགས་ལས་སྨན་བཅོས། རིག་རྩལ་རྒྱང་སྒྲོག ཡོང་འབབ་དམའ་བའི་ཁྱིམ་ཚང་། ལྔ་སྐྱོང་ཁྱིམ་ཚང་། ཞིང་སྡེའི་མཉམ་ལས་སྨན་བཅོས། ཞིང་སྡེའི་ཉེན་འགོག གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོ། ཁྱིམ་ཐོ། ཞིང་ཕྱུགས་ལས་རིགས་ལས་ལམ་གསར་འབྱེད་ཀྱི་དངུལ་བུན། དྲ་རྒྱ་རང་བཞིན་གྱི་དོ་དམ་དང་འཚོ་བའི་རྒྱུན་ཤེས་སོགས་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་ལས་གཞི་དང་བྱེ་བྲག་གི་འགྲོ་ལུགས་སྒྲུབ་པའི་ཆ་རྐྱེན། འགྲོ་ལུགས་སྒྲུབ་པའི་གོ་རིམ། རྒྱུ་ཆ། དངུལ་བསྡུའི་ཚད་གཞི་དང་འབྲེལ་ཡོད་ལས་བྱེད་མི་སྣར་འབྲེལ་གཏུག་བྱེད་ཐབས་སོགས་ཡོད། བོད་རྒྱ་སྐད་གཉིས་ཀྱི་དམངས་ལ་ཞབས་འདེགས་ཞུ་བའི་ཕྱོགས་སྟོན་དཔེ་དེབ་སྟོང་གཉིས་ལྷག་ཝ་འཇོག་ཞང་གི་སྡེ་བ་བདུན་གྱི་མང་ཚོགས་ལ་བྱིན་པ་དང་། མང་ཚོགས་ཀྱིས་དོན་དག་སྒྲུབ་དཀའ་བ་དང་། དོན་དག་སྒྲུབ་ཡུན་རིང་བ། སྟབས་བདེ་མིན་པ་སོགས་ཐད་ལ་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ཐོན་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།