མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི《སྒྲ་སྙན་རྡུང་ལེན》རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-22 10:15:00 ཀློག་གྲངས།:


མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི《སྒྲ་སྙན་རྡུང་ལེན》
རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

     ཟླ4བའི་ཚེས15ཉིན། མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི《སྒྲ་སྙན་རྡུང་ལེན》རིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲི་ཀ་རུ་བསྡུས་ཤིང་། སྔོན་མཚོ་སྔོན་བརྙན་འཕྲིན་ཁང་གི་འགོ་གཙོ་གཞོན་པ་རྡོ་རྗེ་རིན་ཆེན་དང་། སྔོན་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་པདྨ་རིན་ཆེན། རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རོལ་མོའི་སྤྱི་ཁྱབ་ལྟ་སྐུལ་བའམ་རྒྱལ་ཁབ་རིམ་པ་དང་པོའི་དབྱངས་རྩོམ་མཁན་གསང་བདག  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རོལ་མོའི་སྒྲིག་བཟོ་བའམ་རྒྱལ་ཁབ་རིམ་པ་དང་པོའི་དབྱངས་རྩོམ་མཁན་རྒྱ་བྷེ། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་ཚགས་པར་བོད་ཡིག་གཙོ་སྒྲིག་པ་ཚེ་བྷོ། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་ཀརྨ་དང་། རྡོ་རྗེ་ཚེ་འཕེལ་སོགས་ཆེད་མཁས་པ་དང་ཤེས་ཡོན་པ། དེ་མིན་རྫོང་བཞི་ནས་ཡོང་བའི་རྡུང་ལེན་སྒྱུ་རྩལ་པ20ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།

མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི《སྒྲ་སྙན་རྡུང་ལེན》རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

     དུས་ཡུན་ཉིན་གཉིས་ཀྱི་ནང་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས《བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་ལོ་རྒྱུས་འབྱུང་ཁུངས་རགས་ཙམ་གླེང་བ》དང་། 《སྒྲ་སྙན་རྡུང་ལེན་གྱི་གཞི་རྩའི་ཁྱད་ཆོས་དང་རིན་ཐང་གཙོ་བོ་རགས་ཙམ་གླེང་བ》། 《སྒྲ་སྙན་རྡུང་ལེན་གྱི་སྒྱུ་རྩལ་གསར་སྐྲུན་དང་འཁྲབ་སྟོན་རྣམ་པ》། 《གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྲིམས་ལུགས》སོགས་ཀྱི་ཐད་ནས་བགྲོ་གླེང་མཛད་དེ་གཅིག་མཐུན་གྱི་ལྟ་བ་བྱུང་།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།