ཁྲི་ཀ་རྫོང་དུ་རྨ་ཆུའི་སྤྲོ་སྐྱིད་གླིང་ག་རྟགས་མའི་རྐང་གྲུག་འགྲན་བསྡུར་སྤེལ།
ཁྲི་ཀ་རྫོང་དུ་རྨ་ཆུའི་སྤྲོ་སྐྱིད་གླིང་ག་རྟགས་མའི་རྐང་གྲུག་འགྲན་བསྡུར་སྤེལ།
རྐང་གྲུག་ལུས་རྩལ་གྱི་རིགས་ནི་འཛམ་གླིང་སྟེང་གི་ལུས་རྩལ་གྱི་རྣམ་གྲངས་ཁྲོད་དུ་མུ་ཏིག་འོད་ཆེན་བཞིན་ཨང་དང་པོར་ཟིན་ཡོད་པས། ཀུན་གྱིས་དོ་སྣང་དང་ཁས་ལེན་ཐོབ། ལྷག་པར་དུ་ལོ་ངོ་དུ་མའི་ལོ་རྒྱུས་ལྡན་པའི་ལུས་རྩལ་རྣམ་གྲངས་འདི་ཉིད་ཆུ་ལ་ཆུ་བཞག་གི་ཚུལ་དུ་འཕེལ་རྒྱས་ཆེན་པོ་སོང་དང་འགྲོ་བཞིན་ཡོད་སྟབས། ཕྱི་རྒྱལ་གྱི་ག་ས་གང་དུ་རྐང་གྲུག་ལ་མི་དགའ་མཁན་ཕལ་ཆེར་ཡོད་མི་སྲིད། ཉེ་བའི་ལོ་འགའི་རིང་དུ་རང་རྒྱལ་དུའང་རྐང་གྲུག་ལ་མཐོང་ཆེན་དང་གཙིགས་སུ་འཛིན་བཞིན་པས་ན། ང་ཚོས་ཀྱང་ལུས་རྩལ་རིག་གནས་མི་ཉམས་གོང་འཕེལ་དུ་གཏོང་བ་དང་ཚེ་སྲོག་གི་རྒྱུན་སྲིང་བ། ལུས་ཕུང་བདེ་ཐང་གི་ཆེད་དུ། ཟླ4བའི་ཚེས18ནས་ཚེས20བར་དུ་ཁྲི་ཀ་རྫོང་རྨ་བྱང་ཞང་བཅའ་སྡོད་སློབ་གྲྭར་ཁྲི་ཀ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཐོན་ཨུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་རྨ་ཆུའི་སྤྲོ་སྐྱིད་གསོལ་ཚིགས་གླིང་གས་རོགས་སྒྲུབ་བྱས་ཏེ་རྨ་ཆུའི་སྤྲོ་སྐྱིད་གླིང་ག་རྟགས་མའི་རྐང་གྲུག་འགྲན་བསྡུར་སྐབས་དང་པོ་གཟབ་རྒྱས་ངང་ཚོགས།
ཐེངས་འདིའི་འགྲན་བསྡུར་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རུ་ཁག་གཉིས་དང་རྫོང་སྤྱི་བདེ་ཅུའུ། འཕྲང་དམར་གྲོང་རྡལ་རུ་ཁག མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་རུ་ཁག ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་སྡེ་ཁག་བཅས་རུ་ཁག་དྲུག་འགྲན་བསྡུར་དུ་ཞུགས། མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་དང་འགྲོགས་ཏེ་རང་རང་གི་ཐུན་མོང་མ་ཡིན་པའི་རྐང་རྩེད་ཀྱི་རྩལ་ནུས་དང་རུ་མི་བཅུ་གཅིག་གི་མཉམ་འབྲེལ་ཧུར་བརྩོན་གྱི་འོག་ཏུ་ཉིན་གསུམ་རིང་ལ་ཛ་དྲག་གི་འགྲན་བསྡུར་བྱས་ཏེ་ལྟད་མོ་ཡག་པོ་བསྟན། མཇུག་མཐར། ཨང་དང་པོ་གཅིག་དང་ཨང་གཉིས་པ་གཅིག ཨང་གསུམ་པ་གཅིག་བཅས་ཀྱི་བྱ་དགའི་རིམ་པ་གསུམ་དུ་བགར་ཅིང་བྱ་དགའི་རྟགས་མ་དང་མི་སྒེར་རྟགས་མ་གྱ་ནོམ་པ་གནང་སྟེ་འགྲན་བསྡུར་བདེ་ལེགས་ངང་མཇུག་རྫོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com