མཚོ་ལྷོའི་བཟང་བཏུང་ལས་རིགས་ཀྱིས་ཚད་མཐུན་ཇ་ཁང་ཞེས་པའི་ཆེད་དོན་བྱ་འགུལ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-04-26 09:23:00 ཀློག་གྲངས།:
     མཚོ་སྔོན་ཞིང་ཆེན་ཡོངས་ནས་ཚད་མཐུན་ཇ་ཁང་ཞེས་པའི་ཆེད་དོན་བྱ་འགུལ་དུ་བླང་བྱ་ལྟར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཟླ4བའི་ཟླ་དཀྱིལ་དུ་ཁུལ་ཡོངས་ཀྱི་བཟའ་བཏུང་ཞབས་ཞུ་སྡེ་ཁག་འབྲིང་ཆུང་ནས་ཚད་མཐུན་ཇ་ཁང་ཞེས་པའི་ཇ་ཁང་གི་གཙང་སྦྲར་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་དེ་ཟླ10བའི་ཟླ་མཇུག་ཏུ་མཇུག་བསྒྲིལ་རྒྱུ་རེད།
     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་བརྟག་བཤེར་དང་ཁེ་ལས་ཀྱིས་རང་དཔྱད་བྱེད་པ། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་སྣེ་ཁྲིད་བྱེད་པའི་རྣམ་པ་སྤྱད་དེ། བཟའ་བཏུང་ཞབས་ཞུ་སྡེ་ཁག་གི་ཆེ་ཆུང་དང་། ལས་རིགས་ཀྱི་རྣམ་པ། ཚོང་གཉེར་ཁྱབ་ཁོངས་གཞིར་བཟུང་ནས། བཟའ་བཏུང་སྡེ་ཁག་གིས་དང་ལེན་བྱེད་པ་དང་། རང་འགུལ་གྱིས་བྱ་འགུལ་ཁྲོད་ཞུགས་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ། ཆོག་མཆན་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཆོག་མཆན་འཛིན་ཡིག་མེད་པར་ཚོང་གཉེར་བྱེད་པར་ཞིབ་བཤེར་དང་ཆད་པ་གཅོད་པ། བཟའ་བཏུང་ཞབས་ཞུ་སྡེ་ཁག་གིས་ཟས་རིགས་རྒྱུ་ཆ་ནང་འདྲེན་བྱེད་པའི་ཐད་དང་ཚོང་ཟོག་ཉོས་པའི་འཛིན་ཡིག་ལེན་པའི་ལམ་ལུགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་བརྟག་བཤེར་ནན་མོ་བྱེད་པ། ཁོངས་གཏོགས་ས་ཁུལ་གྱི་བཟའ་བཏུང་ཞབས་ཞུ་སྡེ་ཁག་ཡོངས་ལ་རིམ་པ་བགོ་བ་བཅས་བྱས་ནས། བཟའ་བཏུང་སྡེ་ཁག་གི་ཇ་ཁང་ཚད་ལྡན་དུ་བཏང་ནས། ཁུལ་ཡོངས་ཀྱི་བཟའ་བཏུང་ཞབས་ཞུ་ལས་རིགས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།