བལ་བོའི་ས་འགུལ་གྱིས་སངས་རྒྱས་ཀྱི་འཁྲུངས་ཡུལ་ལུམྦུའི་ནི་ལ་གནོད་སྐྱོན་ཅི་ཡང་བཟོས་མེད།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚེས27ཉིན་བལ་བོའི་འཛམ་གླིང་རིག་གནས་གནའ་ཤུལ་དང་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ལུམྦུ་ནིའི་སྐྱེད་ཚལ་ལ་ལྟ་ཞིབ་ཏུ་སོང་དུས། ལུམྦུ་ནིའི་སྐྱེད་ཚལ་ལ་ཐེངས་འདིའི་ས་འགུལ་གྱིས་གནོད་སྐྱོན་ཅི་ཡང་བཟོ་མ་ཐུབ་པར་ཡོད་ཚད་བདེ་ལེགས་ཡིན་པ་ཤེས།
གསར་འགོད་པ་བལ་བོར་འབྱོར་རྗེས། ཐོག་མར་བལ་བོའི་གྲོང་རྡལ་ཆུང་བ་ལུམྦུ་ནིའི་སྐྱེད་ཚལ་ལ་སོང་ཤིང་། ས་ཆ་དེའི་ཡོད་ཚད་བདེ་ལེགས་ཡིན་པ་ཤེས་ཏེ། ཚོང་ཁང་དང་། ཟ་ཁང་། སྣུམ་ཚིགས་སོགས་ཀྱིས་སྔར་བཞིན་ལས་གཉེར་བྱེད་བཞིན་ཡོད་ཅིང་། མཚན་མོར་ད་གཟོད་མི་རེ་འགའ་ཕྱིར་ཡོང་ནས་ཞག་སྡོད་བྱེད་ཀྱིན་ཡོད། འཛམ་གླིང་རིག་གནས་གནའ་ཤུལ་གྱི་མིང་ཟིན་ནང་བཀོད་པའི་བཟོ་བཀོད་ལ་གནོད་པ་ཅི་ཡང་ཐེབས་མེད། དེ་རུ་ཕྱིའི་རྒྱལ་ཁབ་ཀྱི་ལྗོངས་རྒྱུ་བ་མང་པོ་ཡོད་ཅིང་། ཕལ་ཆེ་བ་རྒྱ་གར་ནས་ཡོང་བའི་གནས་མཇལ་བ་རེད།
ལུམྦུ་ནིའི་དོ་དམ་སྡེ་ཁག་གི་འགན་ཁུར་བ་པ་ཐ་ལ་ཡིས་གསར་འགོད་པའི་བཅར་འདྲིར་ལན་འདེབས་དུས་བཤད་རྒྱུར། ས་འགུལ་བྱུང་རྗེས་ཁོ་ཚོས་འཛམ་གླིང་རིག་གནས་གནའ་ཤུལ་གྱི་བཟོ་བཀོད་ཚང་ཞིབ་བཤེར་བྱས་ཀྱང་གནོན་སྐྱོན་ཐེབས་ཡོད་ས་མ་རྙེད། ས་འགུལ་བྱུང་རྗེས་གཟིགས་སྐོར་ལྗོངས་རྒྱུ་བའི་མི་གྲངས་ཕལ་ཆེར་ཕྱེད་ཀ་ཙམ་གྱིས་ཇེ་ཉུང་དུ་བུད་སོང་།
ཟླ4བའི་ཚེས25ཉིན། བལ་བོ་རུ་ས་འགུལ་དྲག་པོ་བྱུང་ནས་མི་མང་པོ་ཤི་རྨས་བྱུང་ཞིང་ཁང་བ་མང་པོ་ཞིག་རུལ་དུ་བཏང་། བལ་བོའི་ལྷོ་ཕྱོགས་དང་རྒྱ་གར་གྱི་ས་མཚམས་སུ་ཡོད་པའི་ལུམྦུ་ནི་ཐེངས་འདིའི་ས་འགུལ་གྱི་འགུལ་ལྟེ་བར་ཕལ་ཆེར་སྤྱི150ཡི་བར་ཐག་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com