དགེ་རྒན་ཆེན་མོ་རྡོ་ལྷ་ནི་རྒྱལ་ཁབ་ཤེས་ལྡན་མི་སྣ་ཁྲི་སྟོང་བཟོ་བཀོད་ཀྱི་རྒྱལ་ཁབ་རིམ་པའི་མི་སྣར་བདམས།
ཉེ་སྔོན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་བཀོད་པ་ལྟར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་ནི2014ལོའི་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་ཁྲི་སྟོང་བཟོ་བཀོད་དུ་ཚུད་པ་མ་ཟད། ཁོང་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་གཞོན་དར་ཆེད་མཁས་པའི་གཟེངས་རྟགས་གནང་།
རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་ཁྲི་སྟོང་ལས་གཞི་ནི1996ལོར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུས་ཚན་རྩལ་པུའུ་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རང་བྱུང་ཚན་རིག་ཐེབས་རྩ་ཚོགས་པ། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་རྩ་འཛུགས་དང་ལག་བསྟར་གནང་སྟེ་གཙོ་ཆེར་གཞོན་དར་་རིག་གཞུང་ནུས་རྩལ་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི་ཤེས་ལྡན་མི་སྣ་ཁྲི་སྟོང་བཟོ་བཀོད་ཅིག་ཡིན་ཞིང་། རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་འཆར་འགོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་གཏན་འཁེལ་བྱས་པའི་ཤེས་ལྡན་མི་སྣའི་བཟོ་བཀོད་ལས་གཞི་ཞིག་རེད།
རྡོ་ལྷ་ནི་ད་སྔ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་བོད་ཡིག་གསུང་དཔེ་གྲངས་འཛིན་ཅན་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཡིན་ལ། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཁྲིད་སྟོན་དགེ་རྒན་ཡིན། ཁོང་གིས་རྩིས་འཁོར་སྐད་བརྡ་རིག་པ་དང་། རང་བྱུང་སྐད་བརྡ་སྒྲིག་གཅོད། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་སློབ་གསོ་དང་ཚན་ཞིབ་བྱ་བ་གཉེར་བཞིན་ཡོད།
དགེ་རྒན་ཆེན་མོ་རྡོ་ལྷ་ནི་ཐོག་དང་པོར་སློབ་གྲྭ་ནས་རྒྱལ་ཁབ་ཤེས་ལྡན་མི་སྣ་ཁྲི་སྟོང་བཟོ་བཀོད་ཀྱི་རྒྱལ་ཁབ་རིམ་པའི་མི་སྣར་བདམས་པའི་དགེ་རྒན་ཡིན་ལ། བཟོ་བཀོད་འདིའི་དམིགས་ཡུལ་ནི་འཛམ་གླིང་ཚན་རྩལ་གྱི་ཆུ་ཚད་མཐོ་བའི་འབུར་ཐོན་ཚན་རིག་པ་དང་བཟོ་སྐྲུན་ནུས་རྩལ་ཆེད་མཁས་པ། གཞུང་ལུགས་པ་བརྒྱ་ལྷག་དང་། རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དང་། རིག་ཚན་དང་ནུས་རྩལ་ཁྱབ་ཁོངས་སོ་སོ་རུ་རིག་གཞུང་ནུས་རྩལ་མཐོ་བའི་སྣེ་ཁྲིད་མི་སྣ་སྟོང་ཕྲག་ལྷག དེ་མིན་རིག་ཚན་ཁྱབ་ཁོངས་སོ་སོར་གྲུབ་འབྲས་མངོན་གསལ་དང་རྐང་འཛིན་གྱི་ནུས་པ་ཐོན་ཞིང་འཕེལ་རྒྱས་ལྡན་པའི་ཕུལ་བྱུང་ན་གཞོན་ཤེས་ལྡན་མི་སྣ་སྟོང་ཕྲག་ལྷག་གསོ་སྐྱོང་བྱེད་པ་དེ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com