རེབ་གོང་ས་ཁུལ་གྱི་ཡིག་གཟུགས་དང་བརྙན་རིས་འགྲན་ཚོགས་སྐབས་དང་པོ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-16 10:05:00 ཀློག་གྲངས།:


རེབ་གོང་ས་ཁུལ་གྱི་ཡིག་གཟུགས་དང་བརྙན་རིས་འགྲན་ཚོགས་སྐབས་དང་པོ་བསྡུས།

 


ཡིག་གཟུགས་བཤམས་སྟོན།


ཡིག་གཟུགས་བཤམས་སྟོན།

     སྤྱི་ཟླ5བའི་ཚེས15ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ས་ཁུལ་གྱི་ཡིག་གཟུགས་དང་བརྙན་རིས་འགྲན་ཚོགས་སྐབས་དང་པོ་རེབ་གོང་དུ་བསྡུས། འདི་ནི་རེབ་གོང་རྫོང་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་།  རེབ་གོང་རྫོང་རིག་གནས་ཁང་གིས་འགན་སྒྲུབ་གནང་ལ། འབྲུག་མགོ་མ་དང་། རྡོ་རྗེ་བཀྲ་ཤིས། སྒོ་རབ་རྒྱས། གནམ་འདེགས་ཀ་བ། ཐང་དཀར་བསྟན་པ་སོགས་འགྲན་ཚོགས་སུ་ཞུགས།
     ཐེངས་འདིའི་འགྲན་བསྡུར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་བརྩམས་ཆོས150ཡོད་པ་དང་། བརྙན་རིས་བརྩམས་ཆོས160། བདམས་བསལ་བྱས་རྗེས་ཀྱི་བརྩམས་ཆོས་སུ་བོད་ཡིག80དང་རྒྱ་ཡིག50། བརྙན་རིས116ཡོད། ཐེངས་འདིའི་ཡིག་གཟུགས་དང་བརྙན་རིས་བརྩམས་ཆོས་ནི་སྒྱུ་རྩལ་གྱི་ཆུ་ཚད་ཧ་ཅང་མཐོ་ལ་ཕྱོགས་ཡོངས་ནས་ནང་དོན་ཕུན་སུམ་ཚོགས་ཤིང་། ལྷག་པར་བྱ་འགུལ་གྱི་ནང་དོན་གཙོ་བོ་ཡང《མི་རིགས་རིག་གནས་རྒྱུན་སྤེལ། མཛེས་སྡུག་རེབ་གོང་བཤམས་སྟོན》ཞེས་ས་གནས་ཀྱི་རིག་གནས་དང་མཛེས་ལྗོངས་ཀྱི་ཁྱད་ཆོས་མངོན་ཡོད་ལ།  ཡིག་གཟུགས་དང་བརྙན་རིས་ཀྱི་སྒྱུ་རྩལ་པ་རྒན་པ་དང་གསར་སྐྱེས་ཀྱི་གཞོན་ནུ་གང་མང་བྱ་འགུལ་དུ་ཞུགས་ཡོད་པས་རྒྱ་ཆེའི་འགོ་ཁྲིད་དང་ལས་བྱེད། མང་ཚོགས་རྣམས་ཡུལ་དངོས་ལྟད་མོར་སླེབས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།