ཟི་ལིང་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ཉེར་དགུ་བ་སྤེལ་ལ་ཉེ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-25 10:43:00 ཀློག་གྲངས།:

ཟི་ལིང་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན

     མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྗོད་བྱ་ཡིན་པའི་ཟི་ལིང་གི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ཉེར་དགུ་བ་དེ་སྤྱི་ཟླ6པའི་ཚེས13ཉིན་ཏེ་ལུགས་རྙིང་གི་ཟླ4བའི་ཚེས27ཉིན་ཏེ་གཟའ་སྤེན་པ་ཉིན་གྱི་སྔ་དྲོའི་དུས་ཚོད10:00ཡི་སྟེང་ཟི་ལིང་ལྷོ་རི་གླིང་གའི་གངས་ལྗོངས་དམངས་སྲོལ་རྟེན་མཛོད་ཁང་ནས་སྤེལ་རྒྱུ་རེད།
     དུས་ཆེན་ལ་ཞུགས་སྐབས་མཉམ་འཇོག་དགོས་པ་ནི། གཅིག་ནས་ཚོགས་ཞུགས་ལས་ཁུངས་རྣམས་ཀྱིས་ངེས་པར་དུ་རྩ་འཛུགས་ལས་ཁུངས་ཀྱི་མཛུབ་ཁྲིད་ལ་བརྩི་སྲུང་བྱ་དགོས། གཉིས་ནས་ཚོགས་ཞུགས་ལས་ཁུངས་ཀྱི་འདུག་གནས་དང་རས་གུར་སོགས་གཏན་ཁེལ་གྱི་གནས་སུ་ཕུབ་དགོས། གསུམ་ནས་སྤྱི་ནོར་ལ་བདག་སྐྱོང་དང་གླིང་གའི་རྩྭ་རྩི་ཤིང་། ཁོར་ཡུག་སོགས་ལ་སྲུང་སྐྱོབ་བྱེད་དགོས། བཞི་ནས་ཕན་ཚུན་བར་མཐུན་སྒྲིལ་ཡོང་བ་དང་བརྩི་བཀུར་བྱེད་པ། གུས་ལུགས་ཀུན་མཐུན་ཡོང་དགོས། ལྔ་ནས་མེ་འགོག་དང་བདེ་འཇགས་སོགས་ལ་མཉམ་འཇོག་དགོས། དྲུག་ནས་ཚོགས་ཞུགས་ལས་ཁུངས་ཀྱི་འགན་ཁུར་པས་རང་མིར་དོ་དམ་ཡག་པོ་བྱེད་དགོས་པ་དང་སྒྲིག་འགལ་གྱི་བྱ་སྤྱོད་མི་འབྱུང་བར་བྱ་དགོས། བདུན་ནས་དུས་ཆེན་གྲོལ་སྐབས་སྡོད་གནས་མཐའ་འཁོར་གྱི་གད་སྙིགས་གཙང་ཕྱགས་བྱ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།