ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-29 09:43:00 ཀློག་གྲངས།:


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་སྤེལ།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་སྤེལ།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་སྤེལ།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་སྤེལ།


ལུས་རྩལ་འགྲན་བསྡུར་བྱེད་པ།


ལུས་རྩལ་འགྲན་བྱེད་པ།

     སྤྱི་ཟླ5བའི་ཚེས27ཉིན། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཐེངས་དྲུག་ཅུ་རེ་དྲུག་པ་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་གཉིས་མཉམ་དུ་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་ཚོགས།
     ལོ་ཆུང་བྱིས་པ་དག་གིས་རང་ཉིད་ཀྱི་དུས་ཆེན་ལ་སླེབས་པར་སྤྲོ་བ་འབུམ་གྱིས་ཁེངས་ཏེ་སྔ་མོའི་སྐྱ་མདའ་བཏང་བ་དང་མཉམ་དུ་ལུས་སུ་འཕྱོར་གོས་སྣ་ཚོགས་མནབས་ཤིང་ཟོལ་མེད་ཀྱི་འཛུམ་བརྒྱ་གྲོལ་ཏེ་ལོ་རིམ་སོ་སོ་དང་འཛིན་གྲྭ་སོ་སོས་རང་རང་གི་ཐུན་མིན་གྱི་གྲལ་དཔུང་ཐ་དད་ལ་མེ་ཏོག་དང་དབུགས་ལྒང་། ཁ་བཏགས་སོགས་ཀྱིས་ཇུས་འགོད་སྣ་ཚོགས་བྱས་ཏེ་ཀུན་གྱི་ཡིད་ངོར་མེ་ཏོག་སྣ་བརྒྱ་བཞད་པའི་རབ་མཛེས་ཀྱི་སྐྱེད་ཚལ་དུ་སླེབས་པའི་མྱོང་སྣང་སྟེར། ལྷག་པར་དུ་སློབ་གྲྭའི་བཀོད་སྒྲིག་ལྟར་རྔ་རྡུང་རུ་ཁག་དང་དར་འཛིན་རུ་ཁག དམག་དུང་རུ་ཁག རྔ་ཆུང་རུ་ཁག ཞབས་བྲོ་རུ་ཁག ལུས་སྦྱོང་རུ་ཁག ཤན་འབྱེད་པའི་རུ་ཁག འཚོ་བའི་ཞབས་ཞུ་རུ་ཁག དགེ་རྒན་རུ་ཁག ལོ་རིམ་དང་འཛིན་གྲྭ་རུ་ཁག་སོགས་ཀྱིས་སྙན་འཇེབས་ཀྱི་འབུད་རྡུང་དཀྲོལ་གསུམ་བར་སྣང་དུ་བྲག་ཅར་བསྐྱིལ་བ་དང་། སྟངས་སྟབས་བདེ་མོ་དང་འབོད་ཚིག་གསལ་བོ། གོམ་འགྲོས་འགྲིག་པོ་བཅས་ཀྱིས་དུས་ཆེན་དང་འགྲན་ཚོགས་གཉིས་ལ་རང་སེམས་ཡོམ་ཡོམ་དུ་སྒུལ་འདྲའི་ལྟོས་ཡག་པོ་བསྟན་པས། ཕྱོགས་བཞིའི་རྒན་སྐྱོར་བྱིས་ཁྲིད་རྣམས་དང་རྒན་དར་གཞོན་གསུམ་ཚང་མས་བསྟོད་པའི་ཐལ་མོ་ལྷང་ལྷང་དུ་རྡེབ་པའི་ཁར་ཁ་ཤུ་རིང་བོ་བཏང་སྟེ་སེམས་ཀྱི་དགའ་བ་མངོན།
     དེའི་འཕྲོར་སློབ་གཙོ་དང་འཐུས་ཚབ་མི་སྣ་དག་གིས་རང་རང་གི་འདྲ་མཉམ་དང་དྲང་བདེན། ཚུལ་ལྡན་བཅས་ཀྱི་དམིགས་ཚད་འོག་ནས་འགྲན་ཚོགས་དང་དུས་ཆེན་གཉིས་བདེ་ལེགས་ངང་སྤེལ་བར་ཁ་གཡང་དང་སྨོན་འདུན་བོས། དེར་མཐུད་དེ་བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲ་དང་བྱ་ཁུ་བྱུག་གིས་གསུང་དབྱངས་སྒྲོག་པ་ལྟར་མི་གྲངས་བརྒྱ་ཕྲག་ལྷག་གིས་གར་གྱི་ཉམས་བརྒྱད་དང་རྐང་ལག་གི་མཉེན་རྩལ་ཁྲོད་དུ་རྩེད་མོ་གྱ་ནོམ་པ་མངོན་པར། མཐའ་སྐོར་གྱི་དགེ་སློབ་ཡོངས་དང་ཕྱོགས་ཡོངས་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ། མདོ་འཛིན་པས་རྐང་རྒྱུག་དང་རྒྱང་མཆོངས། ཐག་ལྡིང་། ལྕགས་རྡོ་འཕེན་པ། རྐང་སྡོམ་རྒྱུག་འགྲན་སོགས་ཀྱི་རྣམ་གྲངས་རེ་རེའི་འགྲན་སྡུར་གྱི་ཐ་ཚིག་བསྒྲགས་པ་ན། འགྲན་ཞུགས་པ་དང་སྣེ་སྟོན་དགེ་རྒན།  ཤན་འབྱེད་པ་སོགས་རང་རང་གི་འགྲན་ཁུལ་དུ་ཕྱིན་ཏེ་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་སྙན་མོ་སེམས་སུ་ཉར་ནས་འགྲན་སྡུར་དངོས་སུ་མགོ་བརྩམས། སློབ་བུ་རྣམ་པར་ཐུན་མོང་གི་སྤྱི་སེམས་དང་རྒྱལ་ཁའི་འབྲས་བཟང་ལ་འཚོལ་སྙེག མཐར་ཐུག་གི་དམིགས་འབེན་ལ་ཧུར་བརྩོན་བྱེད་པའི་འདུན་པ་དྲག་ཏུ་མཆེད་པར་བྱས།  གཅིག་བཟང་གཉིས་ལྷག་གི་འགྲན་ཞུགས་པའི་ཛ་དྲག་གི་འགྲན་བསྡུར་འཕྲོ་རིམ་འཕྲོར་སྤེལ་ཞོར་ཁ་མལ་དུ་གསེར་དངུལ་ཟངས་གསུམ་གྱི་བྱ་དགའི་ལེགས་སྐྱེས་ཀྱང་མི་དམན་པ་གནང་། སློབ་གྲྭའི་བཀོད་སྒྲིག་ལྟར་རེབ་འདིའི་དྲུག་གཅིག་དུས་ཆེན་བསུ་བའི་དགའ་སྟོན་དང་ལུས་རྩལ་འགྲན་ཚོགས་གཉིས་ཀ་ཉིན་གཉིས་དང་ཕྱེད་ཀར་བསྡུ་རྩིས་ཡོད་པས། ཉིན་མོ་འདི་དག་ནི་སློབ་བུ་ཚོ་སྤྲོ་དགའ་དང་སྐྱིད་སྣང་ཤར་བ། རང་ནུས་སྔོག་འདོན་བྱེད་པའི་གོ་སྐབས་དགའ་ཞིག་ཡིན་པས། མ་འོངས་པར་སློབ་བུ་ཡོད་ཚད་རིག་གནས་ཤེས་བྱ་དང་སྒྱུ་རྩལ། ལུས་རྩལ་སོགས་ཕྱོགས་ཡོངས་སུ་འཕེལ་རྒྱས་འབྱུང་བར་ཡིད་ཆེས་ཆེན་པོ་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།