མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ལེགས་གྲུབ་བྱུང་བ།
མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ལེགས་གྲུབ་བྱུང་བ།
མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ལེགས་གྲུབ་བྱུང་བ།
མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ལེགས་གྲུབ་བྱུང་བ།
མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་།
མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་།
ལྷ་སྐུ།
ཡུལ་དངོས་ཀྱི་རྣམ་པ།
ཡུལ་དངོས་ཀྱི་རྣམ་པ།
མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་།
མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ་ཙོང་ཁའི་རྒྱན་གཅིག་ཏུ་གྲགས་པ་འདི་ཉིད་ཀྱི་རྟེན་དང་བརྟེན་པ་ཆ་ཚང་ད་ལྟ་ཡོངས་སུ་གསར་བཞེངས་ལེགས་གྲུབ་བྱུང་ཡོད།
མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་འདུ་ཁང་ཆེན་མོ་འདི་ལ་མཚོན་ན་གཅིག་ཐོག་ཏུ་ཀློག་པ་ཐོས་བསམ་ལ་འཇུག་པའི་ལུང་རིགས་དབྱངས་སྙན་སྒྲོགས་པའི་དགའ་ཚལ་ཆོས་གྲྭ་ཆེན་མོ་དང་། ཉིས་ཐོག་ཏུ་སྤོང་བ་བསམ་གཏན་ལ་སྤྱོད་པའི་ཆོས་སྤྱོད་ཉམས་བཞེས་ཀྱི་སྒྲུབ་པའི་དགའ་ཚལ་གྲྭ་ཚང་རྒྱུན་ཚོགས་གནང་ས། སུམ་ཐོག་ཏུ་སྐྱབས་མཆོག་མཚུངས་པ་མེད་པ་དག་གི་གཟིམ་ཁང་ཆེན་མོ་དང་། རྗེའི་སྟོང་སྐུའི་ལྷ་ཁང་། སྨན་བླའི་སྟོང་སྐུའི་ལྷ་ཁང་དང་སྐུ་གདུང་མཆོད་ཁང་། བཀའ་བསྟན་དཔེ་མཛོད་ཁང་བཅས་དང་། བཞི་ཐོག་ཏུ་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་ཁང་རྣམས་ཧ་ཅང་ངོ་མཚར་བར་བཞེངས་ཡོད།
སྤྱི་ལོ2015ལོའི་ཟླ་ལྔ་བའི་ཡར་ཚེས་བཅུ་གཅིག་པ། འགྲུབ་སྐར་དང་མེ་རླུང་སྟོབས་ལྡན་སྦྱོར་བ། བཀྲ་ཤིས་པའི་ཉི་བཟང་ཕུན་སུམ་ཚོགས་པ་ལ་བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་དང་འབྲེལ་ཏེ་ཉིན་གསུམ་ལ་ཆོས་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་པ་དང་། རབ་གནས་ཀྱི་མཛད་སྒོའི་སྟེང་དུ་རོང་པོ་ཤར་ཚང་དང་། ལཱ་མོ་གསེར་ཁྲི་ཚང་། ཐང་རིང་རྒྱལ་བ་ཚང་། སྐུ་ཕྱོགས་ཨོའུ་རྒྱ་ཚང་། བིས་པ་མི་ཕམ་ཟླ་བའི་ཡང་སྤྲུལ་སོགས་བླ་སྤྲུལ་དགེ་བཤེས་མང་པོ་དང་། དགོན་འདིའི་དགོན་ལག་དང་འབྲེལ་ཡོད་དགོན་སྡེ་དག་གི་སྐུ་ཚབ་བླ་གྲྭ་སོགས་སྟོང་ཕྲག་ལས་བརྒལ་བ་དང་། བོད་ཀྱི་སློབ་གསོ་བ་གྲགས་ཅན་འཇིགས་མེད་རྒྱལ་མཚན་ཚང་དང་། བོད་ཀྱི་ལྷ་རྗེ་ཆེན་མོ་མཚོ་སྔོན་བོད་སྨན་ཁང་གི་ཨ་ཁུ་ཉི་མ་ཚང་སོགས་མི་སྣ་གྲགས་ཅན་ཁག་དང་། མཚོ་སྔོན་ཞིང་ཆེན་དང་མཚོ་ཤར་གྲོང་ཁྱེར། དཔའ་ལུང་རྗོང་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་གཙོ་གྲོས་གང་མང་བཅས་ཆེད་ཕེབས་གནང་ཡོད་པ་དང་། མདོ་སྨད་ལྷོ་བྱང་དང་རོང་འབྲོག་བར་གསུམ་ནས་ཕེབས་པའི་རྒྱ་ཆེའི་བོད་རིགས་དད་ལྡན་པ་སྟོང་ཕྲག་དུ་མ་དང་། འདུ་ཁང་ཆེན་མོ་འདིའི་བཟོ་སྐྲུན་དཔལ་འབྱོར་གྱི་རྨང་གཞི་བསྐྲུན་པའི་སྦྱིན་བདག་དགེ་བསྙེན་ཆེན་མོ་བེ་ཧྥུན་ལགས་གཙོ་བྱས་པའི་རྒྱ་རིགས་དད་ལྡན་པ་ཅི་མང་བཅས་ཆེད་དུ་ཕེབས་ཏེ་དད་འདུན་ཟོལ་མེད་དང་ལྷག་གསམ་རྣམ་དག་གིས་འདུ་ཁང་གྲུབ་སྟོན་ལ་རྟེན་འབྲེལ་རྒྱ་ཆེར་ཞུས་ཤིང་རབ་གནས་ཀྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com