ཆོས་འབྱོར་གནའ་རབས་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ནས་སྒོ་ཕྱེ་བ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་གནས་པའི་ཆོས་འབྱོར་གནའ་རབས་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་ཉེ་སྔོན་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུས་ཤིང་། དེ་ནི་བོད་ཀྱི་དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ཡིན་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་རྫོང་ཁོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
རྟེན་རྫས་བཤམས་མཛོད་ཁང་དེ་རྒྱ་མ་ཤང་སློང་མདའ་གྲོང་ཚོར་གནས་པ་དང་ས་བཟུང་རྒྱ་ཁྱོན་མུའུ18ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ1500ཡོད་པ་དེ་སྟེང་ཤོད་གཉིས་སུ་ཕྱེ་ཡོད་པ་དང་ཤོད་ནི་འགྲེམས་ཁང་དང་སྟེང་ནི་གཞུང་ལས་ཁང་ཡིན། རྟེན་རྫས་བཤམས་མཛོད་ཁང་ནང་རྫ་ཆས་དང་། ཟངས་ཆས། མི་རིགས་ཀྱི་གྱོན་ཆས། འཚོ་བའི་སྤྱོད་ཆས། ཆོས་ལུགས་རིག་གནས། གསར་བརྗེའི་རིག་དངོས། གོ་མཚོན་བཅས་འགྲེམས་ཁུལ་བདུན་ལ་ཕྱེ་ཡོད་པ་དང་ཉར་ཚགས་དངོས་པོ1613ཡོད་ཅིང་། དེའི་ནང་བོད་ཀྱི་ཚོན་མདོག་རྫ་ཆས་སྣ་ཁ27དང་ས་ཁུལ་གྲོང་ཁྱེར་བདུན་གྱི་སྲོལ་རྒྱུན་གྱོན་ཆས་ཡོད་པ་རེད།
རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་ཆོས་འབྱོར་གྱིས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོའི་ཐོག་དེའི་ནང་དབྱེ་འབྱེད་བྱ་རྒྱུའི་རྩ་ཆེའི་རིག་དངོས་ནང་བོད་ཀྱི་དཀར་ཆས་དཀར་པོ་དང་། འཁྲབ་གཡོགས་པའི་དམག་རྟ། རིན་ཐང་བྲལ་བའི་གནའ་རབས་གོ་ཚོན་སོགས་ཡོད་ལ《འཛམ་གླིང་ཡང་རྩེ》ཞེས་པའི་དངོས་པར་གློག་བརྙན་ནང་ཐོན་པའི་བྱ་གླག་གི་རུས་པའི་གླིང་བུ་སོགས་ཡོད་ཅེས་བརྗོད་བྱུང་།
རྟེན་རྫས་བཤམས་མཛོད་ཁང་དེ2012ལོར་བསྐྲུན་འགོ་ཚུགས་པ་དང2013ལོར་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས54གྲས་སུ་བཞག་ཅིང་། ཁྱོན་མ་དངུལ་སྒོར་ཁྲི1200ལྷག་ཙམ་བཏང་བའི་ནང་རྫོང་རིམ་པའི་ནོར་སྲིད་ཀྱིས་སྒོར་ཁྲི500བཏང་བ་དང་སྐྱེད་མེད་དངུལ་བུན་སྒོར་ཁྲི476གཡར་ནས་འགྲེམས་ཁང་མཛེས་བཟོ་བྱས་པ་དང་སྒེར་གྱིས་མ་དངུལ་སྒོར་ཁྲི280བཏང་ནས་འགྲེམས་ཁང་གི་ལྷན་སྦྱར་སྒྲིག་ཆས་འཐུས་ཚང་དུ་བཏང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com