2015ལོའི་བོད་སྐད་ཡིག་གི་ལོ་ཙཱའི་ཆེད་མཁས་བྱ་བའི་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།
དུས་ཚོད།:2015-07-10 11:45:00
ཀློག་གྲངས།:
སྤྱི་ཟླ7པའི་ཚེས7ཉིན། ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུའུ་ཡིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མཉམ་སྒྲུབ་བྱས་པའི2015ལོའི་བོད་སྐད་ཡིག་གི་ལོ་ཙཱའི་ཆེད་མཁས་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ནས་ཡོང་བའི་ས་ཆ་སོ་སོའི་ཨུ་ཡོན་ལྷན་ཁང་དང་། གསར་འགྱུར་དཔེ་སྐྲུན་ཁང་། རྒྱང་སྒྲོག་བརྙན་འཕྲིན། སློབ་གསོ་མ་ལག་གི་བོད་སྐད་ཡིག་ལོ་ཙཱའི་ཆེད་མཁས་པ30ལྷག་ཚོགས་འདུ་ལ་ཞུགས།
ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་ད་ལོའི་བོད་སྐད་ཡིག་ལོ་ཙཱའི་བྱ་བ་ལས་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་མིང་ཚིག་གསར་བ400ལྷག་གཅིག་བསྡུས་དང་ཞིབ་གཤེར་གཏན་འབེབས་བྱས། ཉན་མཁན་དང་ཆེད་མཁས་པས་མིང་ཚིག་གསར་བའི་ཚད་ལྡན་ཅན་གྱི་རྣམ་གྲངས་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བར་བསམ་འཆར་བཏོན། ད་དུང་མི་རིགས་སྐད་ཡིག་ལོ་ཙཱ་དེ་ཚད་ལྡན་ཅན་དང་། ཡང་དག་ཅན། བརྡ་འཕྲིན་ཅན་བཅས་སུ་འཕེལ་རྒྱས་སུ་གཏོང་བའི་སྐོར་ནས་རིག་གཞུང་བརྗེ་རེས་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་བོད་སྐད་ཡིག་གི་ལོ་ཙཱ་བྱ་བའི་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་དང་རྣམ་པ་གསར་བའི་འོག་གི་མི་རིགས་བྱ་བར་ཞབས་ཞུ་བཟང་བོ་བསྒྲུབ་རྒྱུ་དེ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།