མི་རིགས་དཔེ་སྐྲུན་ཁང་གི་འགོ་ཁྲིད་སྐོར་ཞིག་ཡོངས་འཛིན་འཚོལ་བཤེར་འཛུགས་སྐྲུན་ལ་རྟོག་ཞིབ་ཏུ་སླེབས།
མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་ཚེ་རིང་རྒྱལ(དབུས)སོགས་ཀྱིས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་
ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་དཔེ་ཁང་ལ་གཟིགས་ཞིབ་བྱེད་པ།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།
མི་རིགས་དཔེ་སྐྲུན་ཁང་གི་འགོ་ཁྲིད་བསྐོར་དང་བཅས་པ་དང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་
ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ལྷན་དུ་པར་བསྐྱོན་པ།
སྤྱི་ཟླ7པའི་ཚེས13ཉིན། མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་ཚེ་རིང་རྒྱལ་དང་། ཆ་འཕྲིན་ལྟེ་གནས་ཀྱི་འགོ་གཙོ་ནོར་རྒྱལ། བོད་ཡིག་རྩོམ་སྒྲིག་ཁང་གི་འགོ་གཙོ་རྟ་རྡོར་བཅས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དུ་ཆེད་དུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་ཏུ་སླེབས།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས་མི་རིགས་དཔེ་སྐྲུན་ཁང་གི་རྟོག་ཞིབ་ཚན་ཆུང་ལ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གཞི་རྩའི་སྤྱོད་ནུས་དང་དྲ་ངོས་སྒྲིག་གཞི། ནང་དོན། དེ་མིན་ཞབས་ཞུའི་འཕྲུལ་ཆས་དང་། མི་སྣ་སོགས་སྒྲིག་སྦྱོར་གྱི་གནས་ཚུལ་མཚམས་སྦྱོར་གནང་སྟེ། རྟོག་ཞིབ་ཚན་ཆུང་གི་ཁས་ལེན་དང་གདེང་འཇོག་ལེགས་པོ་ཐོབ་པ་མ་ཟད། རྗེས་ཕྱོགས་ཀྱང་ཆ་འཕྲིན་ལག་རྩལ་དང་འཚོང་གཉེར་དྲིལ་སྒྲོག་ཁྱབ་ཁོངས་སུ་མཉམ་འབྲེལ་བྱེད་པར་རེ་སྨོན་ཞུས།
མི་རིགས་དཔེ་སྐྲུན་ཁང་ནི་སྤྱི་ལོ1953ལོར་བཙུགས་ཤིང་། རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྐྲུན་ཁང་ཞིག་ཡིན་པ་དང་། ད་ལྟའི་བར་ལོ་ངོ60རིང་། ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་ཀྲུང་ཕྱིའི་ཚན་རིག་རིག་གནས་ཤེས་བྱ་བརྒྱུད་སྒྲོག་གནང་སྟེ་མི་རིགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། སོག་ཡིག་དང་། བོད་ཡིག ཡུ་གུར་གྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་སོགས་མི་རིགས་ཀྱི་སྐད་ཡིག་ལས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སྐོར་གྱི་དཔེ་དེབ་དང་དུས་དེབ། བརྙན་འཁོར་སོགས་སྣ་ཚོགས་དཔེ་སྐྲུན་སྒྲིག་བཟོ་བྱས་ལ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀློག་དེབ་ཀྱི་དབང་གྲགས་ཆེ་བའི་དཔེ་སྐྲུན་ལས་ཁུངས་ཤིག་ཡིན།
མི་རིགས་དཔེ་སྐྲུན་ཁང་དུ་སྤྱི་ཚོགས་ཚན་རིག་གི་གཞུང་ལུགས་དང་། དཔལ་འབྱོར་རིག་གནས། མི་རིགས་སློབ་གསོ་སོགས་རྒྱ་ཡིག་རྩོམ་སྒྲིག་ཁང་གསུམ་དང་། མཛེས་རྩལ་རྩོམ་སྒྲིག་ཁང་། མི་རིགས་བརྙན་འཁོར་དཔེ་སྐྲུན་ཁང་། ཏུང་ཧྥུང་མི་རིགས་དྲ་བ། མི་རིགས་རིག་གནས་དཔེ་ཁང་། དེ་མིན་ཞིན་ཅང་དང་བོད་ལྗོངས་ཀྱི་བྱ་བའི་གནས་གཞི་བཙུགས་ཡོད།
རྒྱ་ཡིག་གི་དཔེ་དེབ་དང་སྨྱན་མང་གཟུགས་ཀྱི་རྣམ་པས་རྒྱལ་ཁབ་ཕྱི་ནང་དུ་ཀྲུང་གོའི་མི་རིགས་སོ་སོའི་རྣམ་པ་གསར་བ་ངོམ་པ་དང་། མི་རིགས་སོ་སོའི་རིག་གནས་ཤུལ་བཞག་སྔོག་འདོན་དང་ལེགས་སྒྲིག་བྱེད་ཅིང་། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་དར་སྤེལ། མི་རིགས་སོ་སོའི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་སྒྱུ་རྩལ། རིགས་གཞུང་ཞིབ་འཇུག་སོགས་ཀློག་དེབ་དཔེ་སྐྲུན་ཐད་ཆེད་ལས་ཀྱི་ཁྱད་ཆོས་ངེས་ཅན་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com