ཀྲུང་གོའི་ནུབ་རྒྱུད་གསེར་ཆེན་རྟགས་མའི་ལོ་ཆུང་གཞོན་ནུའི་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ།
2015ལོའི་ཀྲུང་གོའི་ནུབ་རྒྱུད་གསེར་ཆེན་རྟགས་མའི་ལོ་ཆུང་གཞོན་ནུའི་དབྱུག་རྩེད་
སྤོ་ལོའིAཚན་ཆུང་རིམ་མཉམ་འགྲན་བསྡུར་མཚོ་ལྷོ་ཁུལ་དུ་སྤེལ་བ།
མཛད་སྒོའི་ཡུལ་དངོས།
དབྱུག་རྩེད་སྤོ་ལོ་འགྲན་བཞིན་པའི་ཚུལ།
གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་དབྱུག་རྩེད་སྤོ་ལོའི་རུ་ཁག
ཞིན་ཅང་རྩེ་ཕུ་རྫོང་ཁོས་དབྱི་པཱ་ཀི་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་དབྱུག་རྩེད་རུ་ཁག
ཡུལ་དངོས་ཀྱི་ཟུར་ཞིག
སྤྱི་ཟླ7པའི་ཚེས14ཉིན་ནས་ཚེས16ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལག་གུག་སྦེ་སོབ་སྤོ་ལོ(ལག་རྩེད་སྤོ་ལོ་དང་། གུག་རྩེད་སྤོ་ལོ། དབྱུག་རྩེད་སྤོ་ལོ། སོབ་ཧྥུ་སྤོ་ལོ)ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོའི་དབྱུག་རྩེད་སྤོ་ལོའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། MLB(ཨ་རིའི་ལས་རིགས་དབྱུག་རྩེད་སྤོ་ལོ་མཉམ་འབྲེལ་ཚོགས་པ)ཀྲུང་གོའི་དབྱུག་རྩེད་སྤོ་ལོ་འཕེལ་རྒྱས་ལྟེ་གནས་ཀྱིས་ཁྲིད་སྟོན་འོག མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་སློབ་གསོའི་ཅུའུ། དབྱུག་རྩེད་སྤོ་ལོ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། གསེར་ཆེན་རྫོང་སློབ་གསོའི་ཅུའུ་དང་། རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ། མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་བཅས་ཀྱིས་འགན་སྒྲུབ་གནང་བའི2015ལོའི་ཀྲུང་གོའི་ནུབ་རྒྱུད་གསེར་ཆེན་རྟགས་མའི་ལོ་ཆུང་གཞོན་ནུའི་དབྱུག་རྩེད་སྤོ་ལོའིAཚན་ཆུང་རིམ་མཉམ་འགྲན་བསྡུར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་རུ་སྤེལ་ཞིང་། ཞིན་ཅང་དང་སི་ཁྲོན། ཀན་སུའུ། ཧྲན་ཞི། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་དབྱུག་རྩེད་སྤོ་ལོའི་རུ་ཁག9ཐེངས་འདིའི་འགྲན་བསྡུར་དུ་ཞུགས།
མཛད་སྒོའི་སྟེང་། ཡ་གླིང་དབྱུག་རྩེད་སྤོ་ལོའི་མཐུན་འབྲེལ་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་གཏམ་བཤད་སྤེལ་བ་དང་། MLBཨ་རིའི་ལས་རིགས་དབྱུག་རྩེད་སྤོ་ལོ་མཉམ་འབྲེལ་ཚོགས་པའི་ཀྲུང་གོའི་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་པSimonཧོང་དང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དབྱུག་རྩེད་སྤོ་ལོ་རུ་ཁག་གི་རུ་མི་དཔལ་ལྡན་ཚེ་རིང་གཉིས་ཀྱིས་ཕན་ཚུན་ལ་གྲོས་ཡིག་བཀོད་དེ་དཔལ་ལྡན་ཚེ་རིང་ལMLBལུས་རྩལ་ལྭ་བ་གྱོན་པ་དང་། དཔལ་ལྡན་ཚེ་རིང་དངོས་སུMLBདབྱུག་རྩེད་སྤོ་ལོའི་འཕེལ་རྒྱས་ཀྲུང་དབྱང་དུ་ཞུགས་པ་ཁྱབ་བསྒྲགས་བྱས་ཤིངMLBདབྱུག་རྩེད་སྤོ་ལོའི་འཕེལ་རྒྱས་ཀྲུང་དབྱང་གི་ཚོགས་མི་གསར་བར་གྱུར།
2011ལོའི་ཟླ7པར་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་གསེར་ཆེན་རྟགས་མའི་དབྱུག་རྩེད་སྤོ་ལོའི་རུ་ཁག་བཙུགས་ཏེ་རྒྱལ་ཡོངས་སུ་ཐོག་དང་པོར་བཙུགས་པའི་བོད་རིགས་ན་གཞོན་དབྱུག་རྩེད་སྤོ་ལོའི་རུ་ཁག་ཏུ་གྱུར། 2014ལོའི་ཟླ7པར་ཀོང་ཏུང་ཀྲུང་ཧྲན་གྱི་དོམ་རྟགས་མའི་རྒྱལ་ཡོངས་ན་གཞོན་དབྱུག་རྩེད་སྤོ་ལོའིAཚན་ཆུང་རིམ་མཉམ་འགྲན་བསྡུར་ཁྲོད་གྲུབ་འབྲས་ལེགས་པསMLB(ཨ་རིའི་ལས་རིགས་དབྱུག་རྩེད་སྤོ་ལོ་མཉམ་འབྲེལ་ཚོགས་པ)ཀྲུང་གོའི་དབྱུག་རྩེད་སྤོ་ལོ་འཕེལ་རྒྱས་ལྟེ་གནས་ཀྱིས་དོ་སྣང་དང་ཁས་ལེན་ཐོབ།
ད་ལོར་མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་སུ་དབྱུག་རྩེད་སྤོ་ལོའི་ལུས་རྩལ་མཐུན་ཚོགས་ཐོག་མ་བཙུགས་ཤིང་། བོད་ཁུལ་གྱི་ན་གཞོན་སློབ་མའི་ཁྲོད་དབྱུག་རྩེད་སྤོ་ལོ་ཁྱབ་སྤེལ་བྱེད་པ་མ་ཟད། ཐེངས་འདིའི་འགྲན་བསྡུར་ལ་འགན་སྒྲུབ་གནང་སྟེ་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་བསྡུར་ལ་ལུས་རྩལ་རྣམ་གྲངས་གསར་སྐྲུན་བྱས་པ་དང་། བོད་ཁུལ་གྱི་ན་གཞོན་དབྱུག་རྩེད་སྤོ་ལོའི་སྣེ་ཁྲིད་པ་རེད།
ཐེངས་འདིའི་མགོ་རྩོམ་འགྲན་བསྡུར་ནི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དབྱུག་རྩེད་རུ་ཁག་དང་ཞིན་ཅང་རྩེ་ཕུ་རྫོང་ཁོས་དབྱི་པཱ་ཀི་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་དབྱུག་རྩེད་རུ་ཁག་གི་གར་སྟེགས་སུ་གྱུར་ཞིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས16:1ཡི་གྲུབ་འབྲས་ལས་རྒྱལ་ཁ་བླངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དབྱུག་རྩེད་རུ་ཁག་གི་རུ་མི་དཔལ་ལྡན་ཚེ་རིང་གིས་བཤད་རྒྱུར། ང་ཚོས་འདི་ལྟར་རྒྱལ་ཁ་སླ་མོའི་ངང་ལེན་ཐུབ་དོན་ནི་འགྲན་བསྡུར་དུ་ནུས་པ་ལེགས་པོ་འདོན་ཐུབ་སོང་བ་དེ་རེད། སང་ཉིན་ཀན་སུའུ་ལན་གྲུའི་སློབ་འབྲིང་གྱ་གཉིས་པའི་འགྲན་བསྡུར་ནི་ད་གཟོད་ཁག་པོ་ཡོད་ངེས་རེད། རྒྱུ་མཚན་ནི་ཁོ་ཚོ་དུས་རྒྱུན་དུ་རྒྱལ་ནང་གི་འགྲན་བསྡུར་ལ་ཞུགས་ཀྱི་ཡོད་ཅིང་། ཉམས་མྱོང་དང་དངོས་ཤུགས་གང་ཅིའི་ཐད་ནས་ང་ཚོ་ལས་དྲག་པོ་ཡོད་ངེས། འདི་ལྟ་བུའི་འགྲན་ཡ་དང་འཕྲད་ཀྱང་ང་ཚོས་སྔར་བཞིན་ནུས་ཤུགས་ཅི་ཐུབ་འདོན་ངེས་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com