མདོ་ལ་རྫོང་མི་རིགས་རིག་གནས་གློག་བརྙན་འཕྲིན་ལྟེ་གནས་འཛུགས་སྐྲུན་བྱེད་མགོ་བརྩམས།

རྩོམ་པ་པོ།:ལྷ་རྒྱལ་བཀྲ་ཤིས་དང་བཀྲ་ཤིས་འབུ ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-07-21 09:08:00 ཀློག་གྲངས།:
     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་རིགས་རིག་གནས་གློག་བརྙན་འཕྲིན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལས་གཞི་དེ2014ལོའི་ཟླ9བར་ལས་མགོ་བརྩམས་པ་དང2015ལོའི་ལོ་སྨད་ལ་ལེགས་འགྲུབ་བྱུང་ནས་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་རེད།
     མདོ་ལ་རྫོང་མི་རིགས་རིག་གནས་གློག་བརྙན་འཕྲིན་ལྟེ་གནས་དེ་ཟློས་གར་ཁང་དང་འགྲེམ་སྟོན་ཁང་། རྟེན་མཛོད་ཁང་བཅས་ཁག་གསུམ་དུ་བགོས་ཡོད་ལ། བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ8700ཡོད་པ་དང་བསྡོམས་པས་མ་དངུལ་སྒོར67650000ལྷག་གཏོང་བའི་འཆར་གཞི་བཀོད་ཡོད། མདོ་ལ་རྫོང་མི་རིགས་རིག་གནས་གློག་བརྙན་འཕྲིན་ལྟེ་གནས་ལེགས་འགྲུབ་བྱུང་རྗེས། རྫོང་རང་གི་རིག་གནས་ལྟེ་གནས་དང་རིག་གནས་ཐོན་ལས་འདུ་འཛོམས་བྱེད་སར་འགྱུར་བ་དང་ད་ལྟའི་བར་ཟློས་གར་སྣ་ཚོགས་འཁྲབ་སྟོན་བྱེད་ས་མེད་པའི་ལོ་རྒྱུས་རྩ་བ་ནས་མཇུག་རྫོགས་པར་མ་ཟད། མདོ་ལ་རྫོང་གི་རིག་གནས་དང་ལྗོངས་རྒྱུ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཤུགས་ཆེན་པོས་རིག་གནས་ལྗོངས་རྒྱུའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་འདོན་ངེས་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།