བོད་ལྗོངས་དམངས་ཡོངས་ཆུ་རྐྱལ་ལུས་སྦྱོང་ཚད་ལོན་བྱེད་སྒོ་དང་ལྗོངས་ཐད་གཏོགས་ཚན་པའི་ཆུ་རྐྱལ་འགྲན་བསྡུར་སྤ

བོད་ལྗོངས་དམངས་ཡོངས་ཆུ་རྐྱལ་ལུས་སྦྱོང་ཚད་ལོན་བྱེད་སྒོ་དང་ལྗོངས་ཐད་གཏོགས་ཚན་པའི་ཆུར་རྐྱལ་འགྲན་བསྡུར་སྤེལ།

ཆུར་རྐྱལ་བ།


ཆུར་རྐྱལ་བ།
སྤྱི་ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། 2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་དམངས་ཡོངས་ཆུར་རྐྱལ་ལུས་སྦྱོང་ཚད་ལོན་བྱེད་སྒོ་དང་སྐབས་དང་པོའི་ལྗོངས་ཐད་གཏོགས་ཚན་པའི་ཆུར་རྐྱལ་འགྲན་བསྡུར་དེ་རང་སྐྱོང་ལྗོངས་ཀྱི་ཆུར་རྐྱལ་ཁང་དུ་སྤེལ།
ཐེངས་འདིའི་འགྲན་བསྡུར་ལ་སྨི50ཅན་གྱི་སྦལ་རྐྱལ་དང་། སྨི50ཅན་གྱི་རང་དབང་ཆུར་རྐྱལ་བཅས་རྣམ་གྲངས་གཉིས་ཡོད་ལ། དེར་ལོ་ཚོད་བཞིན་ན་ཆུང་རུ་ཁག་དང་གཞོན་ནུའི་རུ་ཁག དར་མའི་རུ་ཁག་བཅས་སུ་བགོས་པ་དང་། གཙོ་སྒྲུབ་ཕྱོགས་ཀྱིས་ལོ་ཚོད་རེ་རེའི་སྣ་གཅིག་འགྲན་བསྡུར་གྱི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་བྱ་དགའ་གནང་བ་མ་ཟད། 《རྒྱལ་ཡོངས་ཆུར་རྐྱལ་སྦྱོང་བརྡར་གྱི་ཨང་རིམ་ཚད་གཞི》ལ་སླེབས་པའི་འགྲན་ཞུགས་པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་གཅིག་གྱུར་དུ་དཔར་བཟོ་གནང་བའི་རྒྱལ་ཡོངས་ཆུར་རྐྱལ་སྦྱོང་བརྡར་ཨང་རིམ་གྱི་ཚད་གཞིར་ཐོན་པའི་དཔང་ཡིག་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com






青公网安备63252102000006号