མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་སྨན་རྫས་འགྲེམ་ཚོགས་ཡུལ་ཤུལ་དུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-07-23 15:30:00 ཀློག་གྲངས།:
     སྤྱི་ཟླ7པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2015ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་སྨན་རྫས་འགྲེམ་འཚོང་གྲོས་ཚོགས་ཡུལ་ཤུལ་ཁུལ་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། འགྲེམ་ཡུན་ཉིན3རིང་ལ་ཁྱད་ཆོས་ལྡན་པའི་བྱ་འགུལ་དང་ལྟད་མོའི་རིགས་ཆེན་མོ7སྤེལ་འཆར་ཡོད།
     མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་སྨན་རྫས་འགྲེམ་འཚོང་གྲོས་ཚོགས་ནི་མཚོ་སྔོན་གྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་མུའུ་སི་ལིན་ཟས་རིགས་འགྲེམ་སྟོན་དུས་ཆེན། བོད་ལུགས་ས་གདན་འགྲེམ་སྟོན་དུས་ཆེན་བཅས་ཀྱི་རྗེས་ནས་བསྒྲུབས་པའི་ས་ཁོངས་ཀྱི་ཐོན་ཁུངས་ཁྱད་ཆོས་མངོན་པར་གསལ་ཞིང་། མི་རིགས་ཀྱི་ཁྱད་ཆོས་ཀྱིས་བར་མེད་དུ་བརྒྱན་པ། མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དཀྱིལ་སྙིང་དུ་བཟུང་ནས་སྤེལ་བཞིན་པའི་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་བྱེད་སའི་འགྲེམ་ཚོགས་གལ་ཆེན་ཞིག་ཡིན། ད་ལོའི་འགྲེམ་ཚོགས་ཀྱིས་ཁྱད་ལྡན་དང་འདུ་འཛོམས། གསར་སྐྲུན། འཕེལ་རྒྱས་བཅས་བརྗོད་སྙིང་དུ་བཟུང་ནས་ཧུར་བརྩོན་ཆེན་པོས་དར་གོས་ཚོང་ལམ་དཔལ་འབྱོར་བརྒྱུད་འཛུགས་སྐྲུན་དང་སིམ་འདྲེས་ཡོང་བར་འབད་དེ། ཁྱོན་ཡོངས་ནས་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བསྟན་ཡོད། ཐེངས་འདིའི་འགྲེམ་ཚོགས་ནི་ཡུལ་ཤུལ་ཁུལ་གྱིས་བསྡུས་པའི་དབྱར་རྩྭ་དགུན་འབུ་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་གཉིས་པ་དང་བསྟུན་ནས་སྤེལ་བ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།