བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་གསར་བཞེངས་ཀྱི་ཆེད་མཁས་བགྲོ་གླེང་ཚོགས་འདུ་ཞོན་ཧྭ་རུ་བསྡུས་པ།

བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་གསར་བཞེངས་ཀྱི་ཆེད་མཁས་བགྲོ་གླེང་ཚོགས་འདུ་ཞོན་ཧྭ་རྫོང་དུ་བསྡུས་པ།
སྤྱི་ཟླ7པའི་ཚེས27ཉིན། རྗེ་བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་གསར་བཞེངས་བྱེད་པའི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞོན་ཧྭ་ཟ་ལར་རང་སྐྱོང་རྫོང་དུ་ཚོགས་པ་དང་། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་པ20ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།
རྗེ་བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་གསར་བཞེངས་བྱེད་པའི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ་ནི་ཚེ་ཏན་མཁན་པོ་ལགས་ཀྱིས་མ་དངུལ་བཏང་ཞིང་མཚོ་སྔོན་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་རོགས་སྒྲུབ་བྱས་ནས་བསྒྲུབས་པ་ཞིག་རེད།
ཉིན་གསུམ་གྱི་ཚོགས་ཡུན་ནང་། ཚོགས་ཞུགས་མི་སྣ་ཚོ་སྔ་གཞུག་ཏུ་དན་ཏིག་དགོན་པ་དང་། ཁོང་སྐུ་འཁྲུངས་སའི་ཞོན་ཧྭ་ཟ་ལར་རང་སྐྱོང་རྫོང་རྒྱ་ཤུལ་སྡེ་བ་བཅས་སུ་ཕེབས་ནས་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་རྟག་དཔྱད་བྱས་ཤིང་། ཆེད་མཁས་པ་ཚོས་བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་གསར་བཞེངས་བྱས་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་ལོ་རྒྱུས་གྱི་རྡོ་རིང་བརྟན་པོ་ཞིག་རེད་ཟེར།
འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན་རྗེ་བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་དེ་ཁོང་སྐུ་འཁྲུངས་སའི་ཞིན་ཧྭ་ཟ་ལར་རང་སྐྱོང་རྫོང་གི་རྒྱ་ཤུལ་སྡེ་བར་བཞེངས་རྩིས་ཡོད་ལ་མཐོ་ཚད་ལ་རྨི15དང་སྤྱིའི་རྒྱ་ཁྱོན་ལ་རྨི30ལྷག་ཡོད། དེར་སྤྱིའི་མ་དངུལ་སྒོར20000གཏོང་རྒྱུ་དང་ལོ་ངོ་གསུམ་གྱི་དུས་ཡུན་སྤྱད་ནས་གསར་འཛུགས་བྱེད་རྒྱུ་ཡིན་ཟེར།
མཚོ་སྔོན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཕོའུ་བུན་ཁྲིན་དང་བོད་ལྗོངས་སྤྱི་ཚགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ནོར་བྲང་ཨོ་རྒྱན། མཚོ་སྔོན་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་འགྲུབ། སི་ཁྲོན་ཞིང་ཆེན་གྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་སྡེ་རོང་ཚེ་རིང་དོན་འགྲུབ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་དཔོན་ཆེན་མོ་རིན་ཆེན་ནོར་བུ། དེ་མིན་ཀྲུང་གོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་དང་། ཀྲུང་གོའི་བོད་རིག་པ་པར་སྐྲུན་ཁང་། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་འབྲེལ་ཡོད་ལས་ཁུངས་དང་ཆེད་མཁས་པ20ལྷག་རེབ་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com






青公网安备63252102000006号