དགུང་ལོ46ལ་ལོན་པའི་ལག་བཟོ་བ་བསྟན་འཛིན་གྱིས་སྒྲ་སྙན་བཟོ་སྐྲུན་བྱས།

བསྟན་འཛིན་གྱིས་རང་ཁྱིམ་དུ་སྒྲ་སྙན་དཀྲོལ་བ།

རང་ཁྱིམ་དུ་སྒྲ་སྙན་བཟོ་བ།

རང་གི་བུ་དང་ལྷན་དུ་སྒྲ་སྙན་བཟོ་བ།

བསྟན་འཛིན་གྱིས་རང་གིས་བཟོས་པའི་སྒྲ་སྙན་སྟོན་པ།
ཟླ8པའི་ཚེས9ཉིན། དགུང་ལོ46ལ་ལོན་པའི་ལག་རྩལ་པ་བསྟན་འཛིན་གྱིས་རང་ཁྱིམ་དུ་སྒྲ་སྙན་དཀྲོལ་བ་དང་བཅས་རང་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་བོད་ཀྱི་སྒྲ་སྙན་ཇི་ལྟར་བཟོས་པ་སོགས་མཚམས་སྦྱོར་བྱས།
སྒྲ་སྙན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཁྱབ་ཆེ་བའི་རོལ་ཆ་ཞིག་ཡིན་པ་དང་། སྒྲ་གདངས་ཧ་ཅང་སྙན་པས་ནང་མ་དང་སྟོད་གཞས་སོགས་ལ་མེད་དུ་མི་རུང་བའི་རོལ་ཆ་ཞིག་ཡིན། སྤྱིར་ན་སྒྲ་སྙན་གྱི་རྒྱུ་ནི་ཤིང་སྦྱར་དཀར་དང་སེང་ལས་གྲུབ་ཅིང་། བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཡོད་ལ་མགོ་ལ་འབྲུག་མགོ་ཅན་དང་ཁྱུང་མགོ་ཅན། རྟ་མགོ་ཅན་སོགས་སྣ་ཚོགས་པ་ཡོད།
2014ལོར་སྒྲ་སྙན་བཟོ་རྩལ་དེ་ཉིད་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་བཞི་པའི་མིང་ཐོར་བདམས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com






青公网安备63252102000006号