བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར50ལོན་པའི་ཡིག་གཟུགས་དང་ཐང་ག་སོགས་ཀྱི་འགྲེམ་སྟོན་པེ་ཅིང་དུ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་འཕྲིན་དྲ། དུས་ཚོད།:2015-08-14 10:21:00 ཀློག་གྲངས།:
     ཉེ་ཆར། ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྲུང་དབྱང་ཐད་གཏོགས་ཡན་ལག་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས། བོད་ལྗོངས་རི་མཐོའི་རིག་གནས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ཚན་པས་མཉམ་འབྲེལ་ཐོག་གཉེར་བའི། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་དུས་ཡུན་ཉིན་དྲུག་གི་ཡིག་གཟུགས་དང་། མཛེས་རིས། ཐང་ག་བཅས་འགྲེམ་སྟོན་གྱི་དགེ་སྒྲུབ་སྤྱི་ཕན་བྱེད་སྒོ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་བྱས་པ་རེད།
     ད་རེས་ཀྱི་འགྲེམ་སྟོན་ནི་གྲགས་ཅན་ཡིག་གཟུགས་མཁས་ཅན་སྐུ་ཞབས་ཀྲང་པེའོ་ཡི་ཡིག་གཟུགས་བརྩམས་ཆོས་དང་། གྲགས་ཅན་མཛེས་རིས་མཁས་ཅན་སྐུ་ཞབས་ཀྲེན་ཧྲེན་ལུའུ་ཡི་མཛེས་རིས་བརྩམས་ཆོས། དེ་བཞིན་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་སྨན་ཐང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་ནོར་བུ་དང་ནོར་བུ་ཚེ་རིང་སོགས་ཀྱི་ཐང་གའི་བརྩམས་ཆོས་བཅས་ཁྱོན་འགྲེམ་སྟོན་ཚོམས་ཆེན་གསུམ་ལས་གྲུབ་ཡོད། བརྩམས་ཆོས་དེ་དག་གི་ཐོག་ནས་དེང་སྐབས་བོད་ཀྱི་མི་རིགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ཡིན་ཞིང་དཔལ་འབྱོར་དང་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བའི་སྣང་ཚུལ་བཟང་པོ་མངོན་པ་བྱས་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཡང་གང་ལེགས་མངོན་པར་བྱས་ཡོད། ད་ཐེངས་འགྲེམ་སྟོན་བྱས་པའི་བརྩམས་ཆོས300ལྷག་ཡོད་པ་དེ་དག་ཚང་མ་བོད་ལྗོངས་རི་མཐོའི་རིག་གནས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སུ་ཕུལ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།