མཚོ་ལྷོ་ཁུལ་གྱིས་བོད་རིགས་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་ལ་ཉེ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-15 09:05:00 ཀློག་གྲངས།:
     ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ8པའི་ཚེས18ཉིན་ནས་ཚེས20ཉིན་བར་མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་རིགས་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བོད་རིགས་རྒྱན་གོས་དངོས་མང་སྟོན་ཚོགས་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཁར་བྱང་རིག་གནས་བརྒྱུད་སྒྲོག་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་སྤེལ་རྒྱུ་རེད།
     སྐབས་དེར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་སོགས་བོད་ཁུལ་དང་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་རྒྱན་གོས་འཁྲབ་སྟོན་རུ་ཁག་སླེབས་ངེས་ཤིང་། གླུ་མ་འཕྱོངས་ཞོལ་སྒྲོལ་མ་དང་། པདྨ་བསམ་གྲུབ། བྱུ་རུ་དམར་ཆུང་ཚན་སྡེབ་སོགས་བོད་ཁུལ་གྱི་མིང་གྲགས་གླུ་བ་གླུ་མ་གདན་ཞུས་བྱས་ཡོད་པ་དང་། མཚོ་ལྷོ་ཁུལ་གྱི་བོད་རིགས་འཚོ་རྣམ་གྱི་གླུ་གར《གསེར་གྱི་ཉི་ཟླ》ཞེས་པའང་འཁྲབ་སྟོན་བྱེད་རྒྱུ་རེད། དེར་མ་ཟད་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཁྱབ་སྤེལ་དང་། རླངས་འཁོར་གྱི་བཤམས་སྟོན་དང་ཚན་རྩལ་རིག་གནས་ཁྱབ་སྤེལ་གྱི་བྱ་འགུལ་སོགས་རབས་དང་རིམ་པ་ཡོད།
     ཚེས18ཉིན་གྱི་དགོང་མོའི་ཆུ་ཚོད20སྟེང་དངོས་སུ་མགོ་རྩོམ་རྒྱུ་ཡིན་པ་དང་། བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རིག་གནས་ཀྱི་རྒྱས་ཚོགས་ཆེན་མོ་ཞིག་ཡིན་པས་རྣམ་པ་ཚོའི་མིག་གི་ལོངས་སྤྱོད་དུ་ཕེབས་རོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།