བོད་ཀྱི་སྐབས་གཉིས་པའི་རོལ་དབྱངས་བགྲོ་ཚོགས་ལྷ་སར་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-18 10:27:00 ཀློག་གྲངས།:

བོད་ཀྱི་སྐབས་གཉིས་པའི་རོལ་དབྱངས་བགྲོ་ཚོགས་ལྷ་སར་བསྡུས་པ།
བོད་ཀྱི་སྐབས་གཉིས་པའི་རོལ་དབྱངས་བགྲོ་ཚོགས་ལྷ་སར་བསྡུས་པ།

     སྤྱི་ཟླ8པའི་ཚེས15ཉིན་ནས་ཚེས16ཉིན་བར།  བོད་ཀྱི་མིང་དུ་གྲགས་པའི་གླུ་བ་ཡར་དུང་གིས་བློ་བཏོན་ཞིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་དོན་འགྲུབ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཐུན་གཉེར་ཁང་དང་བོད་ལྗོངས་རོལ་དབྱངས་མཁས་པའི་མཐུན་ཚོགས། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་གནང་བའི་བོད་ཀྱི་སྐབས་གཉིས་པའི་རོལ་དབྱངས་བགྲོ་ཚོགས་བོད་ལྗོངས་མགྲོན་ཁང་དུ་བསྡུས།
     ཐེངས་འདིའི་བོད་ཀྱི་རོལ་དབྱངས་བགྲོ་ཚོགས་ནི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་རྒྱུན་འཛིན་དང་དར་སྤེལ་ཞེས་པ་བརྗོད་གཞིར་བཟུང་ནས་ཇི་ལྟར་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་། སྣ་འཛོམས་རོལ་དབྱངས་ནང་འདྲེན་སྒོས་བོད་ཀྱི་རོལ་དབྱངས་སུ་མཐུན་སྦྱོར་བྱས་ཏེ་མུ་མཐུད་དུ་བོད་ཀྱི་རོལ་དབྱངས་ཀྱི་མཚོན་ཐབས་སོགས་གསར་འདོན་གྱི་ཕྱོགས་ནས་བགྲོ་གླེང་གནང་།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བོད་ཀྱི་རོལ་དབྱངས་བགྲོ་ཚོགས་སུ་ད་དུང་རྒྱལ་ནང་གི་མིང་གྲགས་རོལ་དབྱངས་མཁས་པ60ལྷག་གདན་འདྲེན་ཞུས་ཡོད་ལ། ཀྲུང་གོའི་རོལ་དབྱངས་མཁས་པའི་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པ་ཀྲང་ཆེན་དབྱེ་དང་། མིང་གྲགས་རོལ་མོ་བ་ལའོ་ཙེའེ། ཡར་དུང་། གཡུང་དྲུང་རྒྱལ་སོགས་རྒྱལ་ནང་གི་མིང་གྲགས་རོལ་མོ་བ། རྡོ་རྗེ་ཚེ་རིང་དང་ནག་འདུའི་ཇོ་དཀར་སོགས་བོད་ལྗོངས་ཀྱི་རོལ་མོ་བ་ཞུགས་ཡོད།
     མི་རིགས་རོལ་དབྱངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་བགྲོ་ཚོགས་བསྡུས་པ་འདིས་བོད་ཀྱི་རོལ་དབྱངས་ཀྱི་རྒྱུན་འཛིན་དང་དར་སྤེལ་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་ཡིན།
     དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བ་ནས་བཟུང་། བོད་ཀྱི་རོལ་དབྱངས་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་རྒྱུ་ཟུང་དུ་སྦྲེལ་ཞིང་། རི་ལུང་བརྒལ་ཏེ་མདོ་དབུས་མཐོ་སྒང་ནས་རྒྱལ་ཁབ་ཕྱི་ནང་དུ་བསྐྱོད་དེ་དེང་རབས་བོད་ཁུལ་གྱི་རིག་གནས་རྩེད་འཇོའི་འཚོ་ཐབས་གལ་ཆེན་དུ་གྱུར་ཡོད་ལ། བོད་ཁུལ་ལ་རྒྱུས་ལོན་བྱེད་པའི་གསེར་ཟམ་ཞིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།