མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་ཞེ་གཅིག་རྒྱལ་ཁབ་ཀྱི་སྲོལ་རྒྱུན་སྡེ་བའི་ཁྲོད་དུ་ཚུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-09-09 11:03:00 ཀློག་གྲངས།:
     མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། རབ་མཛེས་མཚོ་སྔོན་གྱི་མཚན་སྙན་ཇེ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལྟར་དུ། ཞིང་ཆེན་འཛུགས་སྐྲུན་ཐིན་གྱིས་སྟོབས་ཤུགས་ཡོད་རྒུས་མཐོ་སྒང་གི་གནས་སྐོར་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་བཟང་བོ་ཞུས།
     ན་ནིང་གི་ཟླ10བའི་ནང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་རྨ་རྒྱལ་སྦོམ་ར་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁྲོད་འཇོག་པར་ཡིག་ཐོག་སྙན་ཞུ་ཕུལ་བའི་བྱ་བ་དངོས་སུ་མགོ་བརྩམས་པ་དང་། འཆར་གཞི་ལྟར་ན2017ལོའི་ཟླ་ལྔ་བའི་ཟླ་མཇུག་ཏུ་བསྡུ་རྒྱུ་ཡིན་པའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི2017ལོའི་ལོ་ཚོགས་སྟེང་བརྡས་ཐག་གཅོད་པའི་ཐད་ཀྱི་གྲ་སྒྲིག་བྱ་བ་ཡོད་ཚད་ཡོངས་འགྲུབ་བྱེད་རྒྱུ་རེད།
     མིག་སྔར། མཚོ་སྔོན་དུ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་གཅིག་ཡོད་པ་དང་། ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་བཅོ་བརྒྱད་ཡོད་ལ། དེ་མགོ་ལོག་ཁུལ་དང་ཡུས་ཧྲུའུ་ཁུལ་ལས་གཞན་པའི་གྲོང་ཁྱེར་དང་ཁུལ་དུ་ཁྱབ་ཡོད། སྲོལ་རྒྱུན་སྡེ་བའི་ཐད་ནས། ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་དང་ཏ་ཐུང་རྫོང་ཆའོ་ཐིག་གྲོང་རྡལ། སྟོང་སྐོར་རྫོང་གི་ཞཱ་པོ་ཞང་སྡེ་བ་སོགས་གྲོང་རྡལ་དང་སྡེ་བ་བཅུ་རྒྱལ་ཁབ་རིམ་པའི་ཁྱད་ཆོས་ཅན་གྱི་གནས་སྐོར་གྲོང་རྡལ་དང་སྡེ་བ་གྲགས་ཅན་གྱི་ཁྲོད་དུ་བདམས་པ་དང་། ཕེན་ཨན་རྫོང་ཧོང་ཧྲོས་ཆོན་སྡེ་བ་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་སོ་པི་ཐན་སྡེ་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་གཉན་ཐོག་སྡེ་བ་སོགས་སྡེ་བ་ཞེ་གཅིག་རྒྱལ་ཁབ་ཀྱི་སྲོལ་རྒྱུན་སྡེ་བའི་ཁྲོད་དུ་ཚུད་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།