བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་བཤམས་ཚོགས་ཆེན་མོ་སྐབས་གཉིས་པ་ལྷ་སར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-29 10:23:00 ཀློག་གྲངས།:
     སྤྱི་ཟླ9བའི་ཚེས28ཉིན། བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་བཤམས་ཚོགས་ཆེན་མོ་སྐབས་གཉིས་པ་ལྷ་སར་སྤེལ་ཞིང་། དེར་བོད་ལྗོངས་ཀྱི་རིག་གནས་འགྲེམ་སྟོན་དང་། ཡུལ་སྐོར་གཅེས་ནོར་འགྲེམ་སྟོན། བརྗོད་དོན་གླེང་སྟེགས། དཔལ་འབྱོར་ཚོང་གཉེར་ངོ་འཕྲད་གྲོས་མོལ་སོགས་བྱ་འགུལ་དུ་མ་འདུས།
     རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་ཁྱད་ནོར་དང་། རིན་གནས་ཐོན་ལས། རིག་དངོས་ཁྱད་ནོར་འགྲེམ་སྟོན། དེ་མིན་ཡུལ་སྐོར་ཚོང་རྫས་འགྲེམ་འཚོང་སོགས་བྱ་འགུལ་བསྟུད་མར་སྤེལ་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག་ཏུ་ཡུལ་སྐོར་འཕེལ་རྒྱས་གཙོས་བཟུང་བའི་གླེང་སྟེགས་དང་ཞིང་ལྗོངས་ལྔའི་བོད་ཀྱི་གསོ་རིག་གླེང་སྟེགས་ཐོག་མ་སྤེལ་བ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཚོང་བའི་གཟིགས་ཞིབ་དང་། ངོ་འཕྲད་གྲོས་མོལ། ཚོང་འདྲེན། ཆིངས་ཡིག་འགོད་པ་སོགས་ཀྱི་བྱ་འགུལ་ཡང་དུས་ལྟར་སྤེལ་རྒྱུ་ཡིན་ལ། བྱ་འགུལ་རབས་དང་རིམ་པ་ཚེས30བར་སྤེལ་རྒྱུ་རེད།
     ཐེངས་འདིའི་བོད་ལྗོངས་བཤམས་ཚོགས་ཆེན་མོ་རུ་ཨོ་སི་ཁྲོའུ་རུ་ཡ་དང་ཁ་ན་ཊ། ཉི་ཧོང་། བལ་བོ། ཁོ་རེའེ་ཡ། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་ཡུལ་སྐོར་ཚོང་བའི་འཐུས་ཚབ་ཚོགས་པ་དང་འཛམ་གླིང་གྲོང་ཁྱེར་ཡུལ་སྐོར་མཉམ་འབྲེལ་ཚོགས་པའི་འཐུས་ཚབ་སོགས་ལས་གཞན་ད་དུང་། ཧྲན་ཞི་དང་། མཚོ་སྔོན། ཀན་སུའུ་སོགས་ཞིང་ལྗོངས་གྲོང་ཁྱེར24ཡི་ཡུལ་སྐོར་སྡེ་ཁག་གི་འགན་ཁུར་བ་ཡང་གདན་ཞུ་སྒོས། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་རྫས་དང་ཁྱད་ནོར་ཡུལ་སྐོར་ལམ་ཐིག་ཁྱབ་སྤེལ་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།