2015ལོའི་སྐབས་དང་པོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་པར་ལེན་རིག་གནས་དུས་ཆེན་སྤེལ་མགོ་བརྩམས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2015-09-30 08:52:00 ཀློག་གྲངས།:
     སྤྱི་ཟླ9བའི་ཚེས28ཉིན་གྱི་ཕྱི་དྲོ། 2015ལོའི་སྐབས་དང་པོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་པར་ལེན་རིག་གནས་དུས་ཆེན་དངོས་སུ་སྤེལ་མགོ་བརྩམས་པ་རེད།
     ཐེངས་འདིའི་པར་ལེན་རིག་གནས་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“རྫོགས་ལྡན་དུས་སྐབས·གཟུགས་བརྙན་བོད་ལྗོངས”ཞེས་པ་ཡིན་ཞིང་། དུས་ཆེན་གྱི་འདུ་ཤེས་གཙོ་བོ་ནི་ཀྲུང་གོའི་ཕུགས་འདུན་གསོན་ཉམས་ལྡན་པར་མཚོན་པ་དང་། འཆམ་མཐུན་བོད་ལྗོངས་མཉམ་དུ་བསྟོད་པ་སོགས་ཡིན་པས། རིག་གནས་ཀྱི་བརྗོད་བྱ་མངོན་གསལ་དོད་པོ་ཡིན། པར་ལེན་དུས་ཆེན་སྐབས་སུ། སྐབས་བརྒྱད་པའི་བོད་ལྗོངས་ཀྱི་ཇོ་མོ་གླང་མའི་པར་ལེན་འགྲེམ་སྟོན་ཡང་དུས་ལྟར་སྤེལ་རྒྱུ་ཡིན་ལ། ཀྲུང་གོའི་ཕུགས་འདུན·མཁའ་ལམ་བརྩེ་སེམས·ངལ་རྩོལ་མཛེས་ཞེས་པའི་མཚོ་བོད་ལྕགས་ལམ་གྱི་དངོས་བྲིས་པར་ལེན་འགྲེམ་སྟོན་དང་། བོད་ལྗོངས་ཀྱི“4·25”གནོད་སེལ་རྒུད་སྐྱོབ་ཆེད་བསྒྲིགས་པར་ལེན་འགྲེམ་སྟོན། ཞུས་པོ་ཡི་བར་སྣང་ནས་གངས་ལྗོངས་ཡུལ་གྲུ་ལ་ལྟ་བའི་བརྩམས་ཆོས་འགྲེམ་སྟོན། ཕན་ཁྲའོ་ཧྥིན་གྱི་ཉོ་འོད་ལྷམ་མེར་འཕྲོ་བའི་བྱིས་དུས་ཀྱི་བརྩམས་ཆོས་འགྲེམ་སྟོན་སོགས་པར་ལེན་བརྩམས་ཆོས800ལྷག་འགྲེམ་སྟོན་བྱས་ཏེ། ལྟད་མོ་བར་སྐྱེ་སྟོབས་དང་གསོན་ཤུགས་ལྡན་ཞིང་། སྲོལ་རྒྱུན་དང་དེང་རབས་ཀྱི་འོད་མདངས་ཕན་ཚུན་འཕྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་ལས་མངོན་པའི་སྣོད་བཅུད་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན་ཡོད་པ་རེད།
     བོད་ལྗོངས་ཀྱི་ཧི་མ་ལ་ཡའི་པར་ལེན་རིག་གནས་དུས་ཆེན་གྱི་འབྱུང་ཁུངས་ནི་ཀྲུང་གོའི་བོད་ལྗོངས་ཀྱི་ཇོ་མའི་གླང་མའི་པར་ལེན་འགྲེམ་སྟོན་ཡིན་ཞིང་། འགྲེམ་སྟོན་ཆེན་མོ་འདི་ནི་བོད་ལྗོངས་སུ་སྤེལ་ཡུན་ཆེས་རིང་བ་དང་གཞི་ཁྱོན་ཆེས་ཆེ་བའི་པར་ལེན་བྱ་འགུལ་ཞིག་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།