བོད་ལྗོངས་ཀྱི་ས་གཙང་རྐང་རྩེད་སྤོ་ལོའི་རུ་ཁག་ཕྱིར་འགྲན་རར་ལོག་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-10 11:12:00 ཀློག་གྲངས།:
     རྒྱུས་ལོན་པ་ལྟར་ན། རྐང་རྩེད་སྤོ་ལོའི་འགྲན་རའི་སྟེང་བོད་ལྗོངས་རུ་ཁག་གི་མིང་ལོ་ངོ་བཅུ་ཙམ་གྲགས་འགུལ་ཅི་ཡང་མེད་པར་གྱུར་རྗེས་ཉེ་ཆར་སླར་ཡང་འགྲན་རར་ཕྱིར་ལོག་སྟེ2015ལོའི་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ལས་ཞོར་མཉམ་འབྲེལ་འགྲན་བསྡུར་གྱི་ལྷོ་ནུབ་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཤིང་། འགྲན་བསྡུར་འདི་ནི་ཧུའུ་ནན་ཞིང་ཆེན་ལིའུ་ཏེའེ་གྲོང་ཁྱེར་དུ་སྤེལ་ཏེ། ལྷ་སའི་ས་གཙང་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཚོགས་ཆུང་ཁ་པའི་ཨང་ལྔ་པ་ཐོབ།
     མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ9བར། ལྷ་སའི་ས་གཙང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཕུལ་བྱུང་བསྡུ་ལེན་དང་ཧྲག་འདེམ་སྒོས་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ཤིང་ཁྱོན་རུ་མི22བདམས། དེའི་ཁྲོད་རུ་མི་མང་ཆེ་བ་ནི་ལོ་རབས80དང་ལོ་རབས90བར་སྐྱེས་པ་ཡིན་ཞིང་བོད་རིགས་ཀྱི་རུ་མི21ཟིན་པས་ས་གནས་རང་གི་རྐང་རྩེད་སྤོ་ལོའི་རུ་ཁག་རྣལ་མ་ཞིག་ཏུ་ངེས།
     ལྷ་སའི་ས་གཙང་རྐང་རྩེད་སྤོ་ལོའི་རོལ་རྩེད་སྤྲོ་སྐྱིད་ཁང་གི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཚེ་བརྟན་རྡོ་རྗེས་བཤད་རྒྱུར། རྐང་རྩེད་སྤོ་ལོའི་རུ་ཁག་གིས་སླད་ཕྱིན་རིམ་བཞིན་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འབྲེལ་འགྲན་བསྡུར་དུ་ཞུགས་ཐུབ་པ་བྱ་རྒྱུ་དང་ཕུགས་ཀྱི་དམིགས་ཚད་དེ་རིམ་པ་ཀ་བའི་མཉམ་འབྲེལ་འགྲན་བསྡུར་དུ་ཞུགས་ཐུབ་པར་བྱས་ཏེ་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པའི་ཉམས་འགྱུར་ངོམ་ཐོག བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་གོང་དུ་འཕེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།