མཚོ་ལྷོ་ཁུལ་གྱིས་གསར་འགོད་པའི་དུས་ཆེན་ཐེངས16པར་རྟེན་འབྲེལ་དང་གཟེངས་བསྟོད་ཚོགས་ཆེན་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-09 14:46:00 ཀློག་གྲངས།:
     སྤྱི་ཟླ11པའི་ཚེས6ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་སྒྲོག་པུས་རྩ་འཛུགས་གནང་བའི་གསར་འགོད་པའི་དུས་ཆེན་ཐེངས16པར་རྟེན་འབྲེལ་དང་ཁུལ་ཡོངས་ཀྱི་ཕུལ་བྱུང་གསར་འགྱུར་བྱ་སྒྲུབ་པར་གཟེངས་བསྟོད་ཀྱི་ཚོགས་ཆེན་དེ་གསེར་ཆེན་རྫོང་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའི་འགོ་གཙོ་ཡེ་ཝན་ལིན་དང་། རྫོང་སོ་སོའི་དྲིལ་སྒྲོག་པུའི་འགོ་གཙོ། མཚོ་ལྷོའི་ཚགས་པར་དང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་སྔོན་པོ་དྲ་བ། མཚོ་ལྷོ་ཁུལ་སྲིད་གཞུང་དྲ་བའི་འབྲེལ་ཡོད་འགན་ཁུར་བ་དང་། གསར་འགོད་པ་དང་རྩོམ་སྒྲིག་པ་ཡོངས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ལ། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའི་འགོ་གཙོ་གཞོན་པ་ཏུའུ་སིན་གྱིས་མདོ་འཛིན་མཛད།
     ཚོགས་འདུའི་སྟེང་། ལོ་ངོ་གཅིག་གི་རིང་མཚོ་ལྷོ་ཁུལ་གྱི་སྔོན་ཐོན་གསར་འགྱུར་བྱ་སྒྲུབ་པ18ལ་གཟེངས་བསྟོད་གནང་བ་མ་ཟད། བགྲོ་གླེང་གི་ཚུལ་གྱིས་མཚོ་ལྷོ་ཁུལ་གྱི་སྨྱན་བྱད་སྡེ་ཁག་གིས་ཉེ་བའི་ལོ་འགའི་ནང་གི་གྲུབ་འབྲས་དང་གསར་ཐོན་སྨྱན་བྱད་འཕེལ་རྒྱས་གནས་ཚུལ་སོགས་ལྷུག་པོར་བརྗོད།
     གྲོས་ཚོགས་སུ་ཡེ་ཝན་ལིན་གྱིས་ཁུལ་ཡོངས་ཀྱི་གསར་འགྱུར་བྱ་བར་ཁས་ལེན་དང་གདེང་འཇོག་གནང་བ་མ་ཟད་རྗེས་ཕྱོགས་བྱ་བའི་དགོངས་ཚུལ་བཏོན་པ་དང་། རྒྱ་ཆེའི་གསར་འགྱུར་བྱ་སྒྲུབ་པ་ཡོངས་མང་ཚོགས་དང་ཉེ་བཅར་དང་། གཞི་རིམ་དུ་བསྐྱོད་པ། རང་འགུལ་གྱིས་སློབ་སྦྱོང་སྒོས་ནུས་པ་བསྐྱེད་སྲིང་བྱེད་པར་སྐུལ་མ་བཏང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།