རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་ཚད་ལེན་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-11-14 11:10:00 ཀློག་གྲངས།:
     ཉེ་ལམ་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཆེད་མཁས་པའི་ཚན་ཆུང་གིས་ཨ་མྱེས་རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་ཉིན་གསུམ་རིང་གི་ཡུལ་དངོས་རྟོག་ཞིབ་དང་དཔྱད་ཞིབ་བྱས་རྗེས། རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཞིབ་བཤེར་ཚད་ལེན་ཐོབ་པ་མ་ཟད། གླིང་ཀར་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆ་རྐྱེན་འཛོམས་ཡོད་ཟེར། དེ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཞིག་རེད།
     2012ལོར་རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་སྐོར་དྲུག་པའི་མིང་ཐོར་བཀོད། 2014ལོའི་ཟླ1པོར་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་མཚོ་སྔོན་རྨ་ཆེན་གངས་རིའི་སྤྱི་གླིང་གི་བཟོ་སྐྲུན་ལག་བསྟར་ཇུས་གཞིར་འཐད་པ་བྱུང་། 2014ལོའི་ཟླ5བར་རྒྱལ་ཁོངས་ཐོན་ཁུངས་པུའུ་ཁོར་ཡུག་ཐོན་ཁུངས་ཟིས་རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི2014ལོ་ནས2020ལོའི་བར་གྱི་འཆར་འགོད་ལ་ཞིབ་བཤེར་བྱས་པ་མ་ཟད་འཐད་པ་བྱུང་། 2012ལོའི་ཚུན་ལ། སྤྱི་གླིང་དེས་སྐོར་ལམ་དང་། ཡུལ་ལྗོངས་ལ་བལྟ་ས། རླངས་འཁོར་འཇོག་ས། ས་གཤིས་དངོས་མང་བཤམས་སྟོན་ཁང་སོགས་འཛུགས་སྐྲུན་བྱས་ཤིང་། མིག་སྔར་གླིང་ཀ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཚད་གཞིར་སླེབས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།