ཀྲུང་དབྱང་རླུང་འཕྲིན་ཟི་ལིང་དང་ཁྲིན་ཏུའུ་རྩོམ་སྒྲིག་ཁང་གིས་ཨམ་སྐད་དང་ཁམས་སྐད་ཀྱི་ལེ་ཚན་གཏོང་བ།
ཀྲུང་དབྱང་བོད་སྐད་རླུང་འཕྲིན་ཟི་ལིང་རྩོམ་སྒྲིག་ཁང་།
ཀྲུང་དབྱང་བོད་སྐད་རླུང་འཕྲིན་ཟི་ལིང་རྩོམ་སྒྲིག་ཁང་གི་ལས་བཟོ་བ་ཡོངས།
སྙན་སྒྲོན་པས་གསར་འགྱུར་སྙན་སྒྲོན་བྱེད་བཞིན་པ།
རྒྱ་ཆེའི་གསན་པ་པོའི་ཁྲོད་ཀྱི་ཨམ་སྐད་དང་ཁམས་སྐད་གསན་མཁན་རྣམས་ལ་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ཁག་དང་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་གསར་འགྱུར་གལ་ཆེན་ཁག་དུས་ཐོག་ཏུ་དྲིལ་བསྒྲགས་བྱ་རྒྱུ་དང་། དེ་བཞིན་བོད་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ་དང་། བོད་རིགས་མང་ཚོགས་རྣམས་ལ་ཚན་རིག་དང་འཕྲོད་བསྟེན། ཁྲིམས་ལུགས། རིག་གནས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་རྒྱུ། མང་ཚོགས་རྣམས་ལ་སྙན་འཇེབས་ལྡན་པའི་རིག་རྩལ་ལེ་ཚན་སྙན་སྒྲོན་ཞུ་རྒྱུ་བཅས་ཀྱི་ཆེད་དུ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་དུས་ཡུན་རིང་ཙམ་ཞིག་ལ་གྲ་སྒྲིག་བྱས་པ་བརྒྱུད། ཀྲུང་དབྱང་བོད་སྐད་རླུང་འཕྲིན་ཟི་ལིང་དང་ཁྲིན་ཏུའུ་རྩོམ་སྒྲིག་ཁང་གཉིས་ཀྱིས་སྤྱི་ལོ2016ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཨམ་སྐད་དང་ཁམས་སྐད་ཀྱི་ལེ་ཚན་འཕར་མ་དངོས་སུ་གཏོང་འགོ་ཚུགས་ཡོད།
ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་ཟི་ལིང་དང་ཁྲིན་ཏུའུ་རྩོམ་སྒྲིག་ཁང་གཉིས་ཀྱིས་ཨམ་སྐད་དང་ཁམས་སྐད་ལེ་ཚན་དངོས་སུ་གཏོང་འགོ་ཚུགས་པ་ཡིས་སྔོན་ཐོན་རིག་གནས་ཁྱབ་རྡལ་དང་བོད་རིགས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པས་བོད་ཁུལ་གྱི་སྒྱུར་བཅོས་དང་གོང་འཕེལ། བརྟན་བརླིང་བཅས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱ་རྒྱུ་རེད།
ཀྲུང་དབྱང་བོད་སྐད་རླུང་འཕྲིན་ནི་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་བ་ལྟར་སྤྱི་ལོ1950ལོའི་ཟླ5བའི་ཚེས22ཉིན་ནས་དངོས་སུ་ལེ་ཚན་གཏོང་འགོ་ཚུགས་པ་དང་། ལོ་ངོ་དྲུག་ཅུ་རེ་ལྔའི་རིང་ལ་བོད་སྐད་རླུང་འཕྲིན་གྱིས་མེས་རྒྱལ་གྱི་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
མིག་སྔར་བོད་སྐད་འཕྲིན་ལམ་གྱིས་གསར་འགྱུར་དང་ཆེད་སྒྲིག་ལེ་ཚན། རིག་རྩལ་ལེ་ཚན་སོགས་ཆུ་ཚོད་བཅོ་བརྒྱད་གཏོང་གི་ཡོད་པ་མ་ཟད། ཨམ་སྐད་དང་ཁམས་སྐད་གཉིས་ཀྱི་ཐོག་ནས་ཀྱང་ལེ་ཚན་ཁ་ཤས་གཏོང་གི་ཡོད།
ཟི་ལིང་དང་ཁྲིན་ཏུའུ་རྩོམ་སྒྲིག་ཁང་གཉིས་ཀྱིས་རྒྱ་ཆེའི་བོད་ཁུལ་གྱི་གསན་མཁན་རྣམ་པར་གཙོ་བོ་རྒྱལ་ཡོངས་ཀྱི་གསར་འགྱུར་དང་བོད་ཁུལ་གྱི་གསར་འགྱུར། ཆེད་སྒྲིག་ལེ་ཚན། རིག་རྩལ་བཅས་ཀྱི་ལེ་ཚན་གཏོང་རྒྱུ་ཡིན་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཆ་འཕྲིན་ཤེས་རྟོགས་ཐུབ་པ་བྱེད་པའི་ཐབས་ལམ་རྒྱ་ཆེར་འགྲོ་རྒྱུ་ཡིན་ཞིང་། ད་ཆ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནི་རླུང་འཕྲིན་དང་དྲ་བ། འཕྲིན་ཕྲན་སོགས་སྣ་མང་གཅིག་ཏུ་འདུས་པའི་སྨྱན་སྦྱོར་ཚན་པ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com